༧གོང་ས་མཆོག་གིས་བོད་དོན་སེལ་བར་ཐུགས་རེ་གནང་།


2014.01.08
༧གོང་ས་མཆོག་གིས་རྒྱ་གར་རྟ་མོལ་ན་ཐོ་ཁུལ་དུ་གསར་འགོད་པའི་དྲི་བར་བཀའ་ལན་གནང་བཞིན་པ། ༧གོང་ས་མཆོག་
པར། སྐུ་སྒེར་དྲ་བ།

༧གོང་ས་མཆོག་གིས་ཡུན་རིང་ནས་ཡོད་བཞིན་པའི་བོད་ཀྱི་དཀའ་རྙོག་དེ་རེ་ཞིག་སེལ་ཐུབ་པའི་ཐུགས་རེ་གནང་གི་ཡོད་པ་གསར་འགོད་པར་གསུངས་འདུག
དེ་ཡང་༧གོང་ས་མཆོག་ཁ་སང་རྒྱ་གར་ལྷོ་ཕྱོགས་Tamilnadu མངའ་སྡེའི་གྲོང་ཁྱེར་Coimbatoreཞེས་བར་Swami Vivekananda འཁྲུངས་ནས་ལོ་༡༥༠འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོའི་ཐོག་ཆིབས་བསྒྱུར་གནང་ཡོད་པ་དང་། སྐབས་དེར་World Parliament of Religions ཞེས་པའི་འཛམ་གླིང་ཆོས་ལུགས་འདྲ་མིན་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་ནང་ཆོས་ལུགས་ཕན་ཚུན་དབར་གྱི་རྩོད་རྙོག་སེལ་ཐབས་ཀྱི་ཐུགས་འགན་ཆེ་ཙམ་བཞེས་དགོས་རྒྱུའི་སྐུལ་མ་གནང་འདུག ༧གོང་ས་མཆོག་གིས་བཀའ་གནང་དོན། སྐབས་སྐབས་སུ་ཚོགས་འདུ་འདི་ལྟ་བུ་ཚོགས་པ་གཅིག་པུས་འགྲིག་ཐབས་མི་འདུག ངོས་ཀྱི་བསམ་པར་འཛམ་གླིང་ཆོས་ལུགས་འདྲ་མིན་ལྷན་ཚོགས་ལྟ་བུས་སྒྲིག་འཛུགས་སྲ་བརྟན་ཞིག་གི་ངོ་བོའི་ཐོག་ནས་རྒྱལ་སྤྱིའི་ནང་ཆོས་ལུགས་དབར་རྩོད་རྙོག་ག་བར་བྱུང་བ་ཡིན་ནའང་རྩོད་རྙོག་དེ་དག་སེལ་ཐབས་སུ་སྐུ་ཚབ་ཆེད་གཏོང་གནང་དགོས་ཀྱི་འདུག་ཅེས་བཀའ་གནང་འདུག
གསར་འགོད་པས་༧གོང་ས་མཆོག་ལ་རྒྱ་ནག་གི་དབང་བསྒྱུར་འོག་བོད་ནང་གི་ད་ལྟའི་གནས་སྟངས་སྐོར་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས། རྒྱ་ནག་གི་གཏིང་འཛིན་འོག་ཡུན་རིང་ནས་ཡོད་བཞིན་པའི་བོད་ཀྱི་དཀའ་རྙོག་དེ་རེ་ཞིག་སེལ་ཐུབ་པའི་ཐུགས་རེ་གནང་གི་ཡོད་ཅེས་བཀའ་ལན་གནང་བ་དང་ཆབས་ཅིག དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་རྒྱ་ནག་གིས་སྲིད་ཇུས་འདྲ་མིན་ལག་བསྟར་བྱེད་ཀྱི་ཡོད་ནའང། གཞུང་འཛིན་དམར་ཤོག་ཚོགས་པར་དངོས་ཡོད་གནས་སྟངས་དང་འཚམས་པའི་ཐབས་ཤེས་འདོན་རྒྱུའི་ནུས་པའང་ཡོད་པ་རེད་ཅེས་བཀའ་གནང་ཡོད་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གི་བཀོད་བྱུས་འོག་གཞུང་འབྲེལ་མིན་པའི་ཚོགས་པས་མཉམ་འབྲེལ་རྒྱལ་ཚོགས་སུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ཐེ་བྱུས་བྱེད་བཞིན་ཡོད་སྐོར་སྙན་ཐོའི་གསར་པའི་ནང་གསལ་སྟོན།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎