ཆབ་སྲིད་བཅོས་བསྒྱུར་གཏོང་རྒྱུ་མིན་པའི་རྣམ་པ།

རྒྱ་ནག་གཞུང་གི་གསར་འགྱུར་བརྒྱུད་ལམ་ཐོག་ལ་ནུབ་ཕྱོགས་པའི་ཁྱད་ཆོས་ལྡན་པའི་ཆབ་སྲིད་བཅོས་བསྒྱུར་གཏོང་རྒྱུ་མིན་པའི་རྣམ་པ་ཐོན་འདུག

ཞི་ཅིན་ཕེན་ པར། AFP

རྒྱ་ནག་གཞུང་གི་གསར་འགྱུར་བརྒྱུད་ལམ་ཐོག་ལ་ནུབ་ཕྱོགས་པའི་ཁྱད་ཆོས་ལྡན་པའི་ཆབ་སྲིད་བཅོས་བསྒྱུར་གཏོང་རྒྱུ་མིན་པའི་རྣམ་པ་ཐོན་འདུག

ཕྱི་ཟླ་བཅིུག་པའི་ཚེས་༩ རེས་གཟའ་སྤེན་པའི་ཉིན་རྒྱ་ནག་གུང་ཁྲན་ཚོགས་པའི་ཚོགས་མི་གནད་ཡོད་༣༨༠ འདུས་པའི་ཏང་གི་ཚོགས་པའི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་ཚོགས་ཐེངས་གསུམ་པ་ཉིན་བཞིའི་རིང་སྐོང་ཚོགས་བྱེད་ཀྱི་ཡོད་པ་དང་། ཚང་འཛོམས་ཆོཌ་འདུ་ཐེངས་གསུམ་པ་དེ་ནི་གུང་ཁྲན་ཚོགས་པའི་གལ་ཆེའི་ཚོགས་འདུ་ཞིག་ཡིན་ཞིང་།   རེས་གཟའ་པ་སངས་ཉིན་རྒྱ་ནག་གཞུང་གི་གསར་ཤོག་ཐོག་ལ་བདེ་འཇགས་ཀྱི་ལས་དོན་དམ་བསྒྲཌ་ཆེ་རུ་གཏོང་དགོས་པའི་བཀོད་ཁྱབ་བཏང་བ་མ་ཟད།  གསར་ཤོག་ཐོག་གི་རྩོམ་བྲིས་པའི་དཔྱད་གཏམ་སྤེལ་ཡུལ་གྱི་པར་ངོས་ཆ་ཚང་ཐོག་དེ་སྔའི་རྒྱ་ནག་གི་འགོ་ཁྲིད་མའོ་ཙེ་ཏུང་གི་བྱས་རྗེས་དང་། ལོ་རྒྱུས་སོགས་བཀོད་སྤེལ་བྱས་ཏེ་མའོ་ཙེ་ཏུང་འབུར་དུ་ཐོན་པའི་སྲུང་སྐྱོབ་བྱས་ཡོད་པ་རེད། དེར་བརྟེན་ད་རེས་ཀྱི་ཚང་འཛོམས་ཚོགས་འདུ་དེའི་ཐོག་རྒྱ་ནག་རྒྱལ་ཁབ་ཀྱི་དངུལ་རྩིས་དང་དཔལ་འབྱོར་བསྒྱུར་བཅོས་ཁག་ཅིག་གཏོང་རྒྱུའི་གསལ་བསྒྲགས་བྱ་རྒྱུ་ཙམ་ལས་ལྷག་པའི་ཆབ་སྲིད་ཀྱི་བསྒྱུར་བཅོས་གཏོང་རྒྱུའི་རྣམ་པ་རྩ་བ་ནས་མེད་པ་རེད།   རྒྱ་ནག་ནང་དུ་དེ་ལྟ་བུའི་གལ་ཆེའི་ཚོགས་འདུ་ག་དུས་ཚོགས་པའི་སྐབས་རྒྱ་ནག་གཞུང་གིས་གཞུང་དང་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་མཁན་ལ་རྡུང་རྡེག་གཏོང་བ་དང་ཡང་རྒྱ་ནག་གི་ས་གནས་གཞན་ནས་ཚོགས་འདུ་ཚོགས་ཡུལ་དུ་ཞུ་གཏུགས་བྱེད་མཁན་བཀག་འགོག་བྱེད་པའི་བྱ་སྤྱོད་ལག་བསྟར་བྱེད་པ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཡིན་ཞིང་། གལ་ཆེའི་ཚང་འཛོམས་ཚོགས་འདུ་འཚོགས་རྒྱུའི་ཉིན་འགའ་ཤས་གོང་ནས་རྒྱ་ནག་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་སྐད་གྲགས་ཅན་Hu Jai སྡོད་ཁྱིམ་ནས་རང་དབང་གི་འགྲོ་བསྐྱོད་བྱེད་མ་བཅུག་པར་དོ་དམ་བྱས་པ་གཙོས་པའི་མི་སྣ་ཁག་ཅིག་འཛིན་བཟུང་དོ་དམ་བྱས་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org