བོད་མདོ་སྨད་རྔ་པ་ཁུལ་དུ་བཀྲ་ཕུན་ལགས་ཞུ་བ་ཞིག་གིས་རྒྱ་གཞུང་གི་བོད་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གྱིས་སྐུ་ལུས་མེར་སྲེག་གནང་སྟེ་འདས་གྲོངས་ཕྱིན་འདུག

2022.04.02
བོད་མདོ་སྨད་རྔ་པ་ཁུལ་དུ་བཀྲ་ཕུན་ལགས་ཞུ་བ་ཞིག་གིས་རྒྱ་གཞུང་གི་བོད་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གྱིས་སྐུ་ལུས་མེར་སྲེག་གནང་སྟེ་འདས་གྲོངས་ཕྱིན་འདུག རང་ལོ་ ༨༡ ཡིན་པའི་བཀྲ་ཕུན་ལགས།
ཀ་ཉག་ཚེ་རིང་ལགས།

ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ལྔ་པ་ཡས་མས་སུ་རང་ལོ་ ༨༡ ཡིན་པའི་བཀྲ་ཕུན་ལགས་ཀྱིས་རྔ་པ་ཀིརྟི་དགོན་པར་ལྟ་རྟོག་བྱེད་མཁན་གྱི་ཉེན་རྟོག་ལས་ཁུངས་མདུན་སྐུ་ལུས་མེར་སྲེག་བཏང་ནས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གནང་རྗེས་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་པ་དང། རྗེས་སུ་ཁོང་འདས་གྲོངས་ཕྱིན་ཡོད་པའི་གནས་ཚུལ་འདི་ག་རླུང་འཕྲིན་ཁང་ལ་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས་ཀྱིས་བཏང་གནང་འདུག
འདས་པའི་ལོ་མང་རིང་ཕྱི་ཟླ་གསུམ་པ་ནམ་ཡིན་ལ་རྒྱ་གཞུང་གིས་རྔ་པ་མི་མང་ལ་རྒྱུན་ལྡན་ལས་ལྷག་པའི་དམ་དྲག་དང་སུན་གཙེར། འདྲི་གཅོད་དང་བཀག་འགོག་སོགས་ཀྱིས་དཀའ་ངལ་རབ་དང་རིམ་པ་བཟོས་པ་ལྟར་འདི་ལོ་ཡང་ཕྱི་ཟླ་གསུམ་པའི་ནང་དམིགས་བསལ་དམ་བསྒྲགས་ཆེན་པོ་བྱས་ཡོད་འདུག་ལ།  བོད་ནང་ནས་གནས་ཚུལ་མཁོ་སྤྲོད་གནང་མཁན་གྱིས་བོད་མི་ཆེས་མང་པོ་ཞིག་འུ་ཐུག་ཐབས་ཟད་ཀྱི་གནས་སུ་བསྐྱལ་དང་སྐྱེལ་བཞིན་པའི་གནས་བབ་དེ་གསལ་འདོན་གནང་པ་ཡིན་ལུགས་འགྲེལ་བརྗོད་གནང་འདུག
བཀྲ་ཕུན་ལགས་ནི་རྔ་པའི་འབྲོག་སྡེ་རྨེའུ་རུ་མའི་རུ་ཆེན་གསུམ་པའི་ཕུར་རྩ་ཚང་ནས་ཡིན་པ་དང་། དུས་རྟག་ཏུ་བོད་དོན་ལ་སེམས་འཁུར་དང་ལ་རྒྱ་ཡོད་མཁན་ཞིག་རེད་འདུག་ དཔེར་ན་༢༠༢༡ ལོར་ཁོང་དགུང་ལོ་བརྒྱད་ཅུའི་གྱ་སྟོན་སྐབས་སུ། བཀྲ་ཕུན་ལགས་ཀྱིས་“ ༸རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བྱིན་རླབས་ཀྱིས། བོད་ལ་སྐྱིད་པའི་ཉི་མ་ཞིག་ཤར་རྒྱུ་ཡོད་པ་གཏན་འཁེལ་ཡིན་པས། ན་ཆུང་གཞོན་ནུ་ཚོ་སེམས་ཤུགས་མ་ཆགས།’’ཞེས་གཏམ་བཤད་གནང་ཡོད་པ་རེད།
གསར་འགོད་པ། རིག་ལྡན་སྒྲོལ་མ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གི་བཀོད་བྱུས་འོག་གཞུང་འབྲེལ་མིན་པའི་ཚོགས་པས་མཉམ་འབྲེལ་རྒྱལ་ཚོགས་སུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ཐེ་བྱུས་བྱེད་བཞིན་ཡོད་སྐོར་སྙན་ཐོའི་གསར་པའི་ནང་གསལ་སྟོན།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎