དགུ་བཅུ་གསུམ་ལས་འགུལ་ཚོཊ་པའི་ཚོཊ་ཆེན་ཐེངས་བདུན་པ།
སྤྱི་འཐུས་ཚོཊ་གཞོན་དབུ་བཞུཊ་ཀྱིས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོཊ་པའི་ཚོཊ་ཆེན་ཐེངས་བདུན་པ་དེ་དབུ་ཚུགས་གནང་ཡོད་འདུག
-
2016-09-27 -
-
-
Your browser doesn’t support HTML5 audio
སྤྱི་འཐུས་ཚོཊ་གཞོན་དབུ་བཞུཊ་ཀྱིས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོཊ་པའི་ཚོཊ་ཆེན་ཐེངས་བདུན་པ་དེ་དབུ་ཚུགས་གནང་ཡོད་འདུག
དེ་ཡང་སྤྱི་ཟླ་༩་ཚེས་༢༧་ཉིན། བཞུགས་སྒར་རྡ་རམ་སཱ་ལར་ཡོད་པའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དབུ་བརྙེས་ནས་མི་ལོ་༢༥་འཁོར་བའི་དུས་དྲན་དང་བསྟུན། བཞུགས་སྒར་ནོར་བུ་གསོལ་མགྲོན་ཁང་དུ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་དེ་དབུ་ཚུགས་གནང་ཡོད་འདུག
ཚོགས་ཆེན་དེར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་དང་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ཀླུ་མཁར་བྱམས། ཚོགས་གཞོན་ལྷ་རྒྱལ་རི་རྣམ་རྒྱལ་སྒྲོལ་དཀར་སོགས་མཉམ་ཞུགས་ཀྱིས་ཁྱོན་ཚོགས་བཅར་བ་ཆབ་སྲིད་བཙོན་ཟུར་སོགས་༨༠་ཙམ་ཞིག་འདུ་འཛོམས་གནང་འདུག
ཚོགས་ཐོག་ཏུ་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཡེ་ཤེས་ཕུན་ཚོགས་མཆོག་གིས་གསུང་བཤད་གནང་དོན། པཎ་ཆེན་རིན་པོ་ཆེ་སྐུ་གོང་མ་མཆོག་གཙོ་བོར་གྱུར་པའི་བོད་ནང་གི་ཆབ་སྲིད་བཙོན་མ་དང་བཙོན་ཟུར་རྣམས་ཀྱིས། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་འབྲེལ་བའི་བོད་ཀྱི་རྩ་དོན་གྱི་ཆེད་རྒྱ་ནག་གཞུང་ལ་གདོང་ལེན་གནང་བའི་ལོ་རྒྱུས་འགྲེལ་བརྗོད་དང་། དགུ་བཅུ་གསུམ་ལས་འགུལ་ཚོགས་པ་འདི་ནི་ཆབ་སྲིད་བཙོན་ཟུར་གྱི་ཚོགས་པ་ཞིག་ཡིན་པའི་ཆ་ནས་བོད་ནང་གི་ཆབ་སྲིད་བཙོན་པ་དང་བཙོན་ཟུར་རྣམས་ལ་དངོས་ཡོད་ཀྱི་གནས་ཚུལ་གཞིར་བཟུང་ནས་མཉམ་འབྲེལ་རྒྱལ་ཚོགས་གཙོ་བོར་གྱུར་པའི་འཛམ་གླིང་གི་ས་ཁུལ་ཁག་ཏུ་བོད་ནང་གི་དངོས་ཡོད་གནས་ཚུལ་ལ་གཟིགས་ཞིབ་ཡོང་ཆེད་དུ་ལས་དོན་ཅི་ཞིག་སྒྲུབ་དགོས་པ་དང་། ལས་དོན་གང་ཞིག་མཇུག་སྐྱོང་བྱ་དགོས་པ་སོགས་ལ་དམིགས་བསལ་གྱི་ལས་འགན་ཡོད་པའི་སྐོར་གསུང་ཡོད་པ་རེད།
ཚོགས་ཆེན་དབུ་འབྱེད་སྐབས་སུ། དཀར་མཛེས་རྫོང་དུ་ཞི་རྒོལ་བྱས་པའི་དཔེ་དེབ་དང་། ཆབ་སྲིད་བཙོན་ཟུར་རྟ་ནག་འཇིགས་མེད་བཟང་བའི་རི་མོའི་ལོ་རྒྱུས་ཀྱི་དཔེ་དེབ་དབུ་འབྱེད་གནང་ཡོད་ཅིང་། ཚོགས་ཆེན་དེ་སྤྱི་ཚེས་ཉེར་བདུན་ནས་ཉེར་དགུ་བར་འཚོགས་རྒྱུ་ཡིན་འདུག
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།