བོད་མི་ཚོས་གསུམ་བཅུའི་དུས་དྲན་ཐེངས་༥༥བ་སྲུང་བརྩི།

བཞུགས་སྒར་རྡ་རམ་སཱ་ལ་གཙོས་བོད་མི་གནས་སྡོད་བྱེད་ཡུལ་གང་སར་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སྲུང་བརྩི་གནང་འདུག

གསུམ་བཅུའི་དུས་དྲན་ཉིན་སྲིད་སྐྱོང་གིས་གཏམ་བཤད་གནང་བཞིན་པ། ༢༠༡༤།༣།༡༠ པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན།

བཞུགས་སྒར་རྡ་རམ་སཱ་ལ་གཙོས་བོད་མི་གནས་སྡོད་བྱེད་ཡུལ་གང་སར་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སྲུང་བརྩི་གནང་འདུག
དེ་ཡང་ཟླ་༣ཚེས་༡༠ཉིན་བཞུགས་སྒར་དུ་གསུམ་བཅུའི་དུས་དྲན་ཐེངས་༥༥་པ་གཞུང་ཌྷབྲེལ་ཐོག་སྲུང་བརྩི་གནང་བ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ད་བར་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་སྐུ་ལུས་བློས་བཏང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་བཀའ་ཤག་གིས་རྗེས་དྲན་གུས་འདུད་གནང་བ་དང་སྦྲགས་གསུང་བཤད་གནང་བའི་ནང་། ཕྱི་ལོ་༡༩༥༩་ལོའི་དེ་རིང་གི་ཉིན་མོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་སྟོང་ཕྲག་མང་པོས་མ་གྲོས་བསམ་པ་གཅིག་མཐུན་གྱིས་༧གོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཕྱའི་སྲུང་སྐྱོབ་དང་། རྒྱ་དམག་གིས་བོད་བཙན་བཟུང་བྱས་པར་ངོ་རྒོལ་བྱ་ཆེད་ཞི་བའི་གྱེན་ལངས་གནང་ཡོད་པ་དང་། དེ་ནས་ཉིན་བདུན་གྱི་རྗེས་སུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ཀྱི་རྒྱལ་ས་ལྷ་ས་ནས་རྒྱ་གར་དུ་ཕེབས་དགོས་བྱུང་ཡོད་པ་དང་། བོད་མི་སྟོང་ཕྲག་བརྒྱད་བཅུ་ལྷག་ཀྱང་༧གོང་ས་མཆོག་གི་རྗེས་སུ་འབྲངས་ཏེ་བཙན་བྱོལ་དུ་ཕེབས་ཡོད་ཅེས་དང་། རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་ཏེ་ལོ་ངོ་དྲུག་བཅུ་ལྷག་བརྒལ་ཡོད་ཀྱང་གཞིས་ལུས་བོད་མིའི་སྙིང་སྟོབས་ཞུམ་པ་མེད་པར་གནས་ཡོད། དེ་ཡང་ཐོག་མར་ཕྱི་ལོ་༡༩༥༠་ཙམ་ནས་བོད་མདོ་ཁམས་དང་། མདོ་སྨད་ཨ་མདོའི་ཁུལ་དུ་བྱུང་བའི་བཙན་རྒོལ་གྱི་ལས་འགུལ་ཚུན་ནས་༢༠༠༨ལོ་བར་བོད་ཆོལ་ཁ་གསུམ་ནང་བྱུང་བའི་ཞི་བའི་སྒེར་ལངས། ལྷག་པར་དུ་ཉེ་བའི་སྐུ་ལུས་མེར་བསྲེགས་གི་དོན་རྐྱེན་བཅས་ཀྱི་ཐོག་ནས་བོད་མིའི་བདེན་དོན་འཐབ་རྩོད་མི་རབས་ནས་མི་རབས་བར་མུ་མཐུད་གནས་པ་མ་ཟད། ཕྱི་ལོ་༢༠༠༩་ལོ་ནས་བཟུང་ད་བར་བོད་ཆོལ་ཁ་གསུམ་ནང་བོད་དོན་ཆེད་སྐུ་ལུས་མེར་བསྲེགས་གནང་མཁན་བོད་མི་༡༢༦་བྱུང་ཡོད། ང་ཚོས་ལས་འགུལ་དེ་རིགས་མ་སྤེལ་རོགས་ཞེས་འབོད་སྐུལ་རིམ་པ་ཞུ་བཞིན་ཡོད་ཀྱང་སྐུ་ལུས་མེར་བསྲེགས་མུ་མཐུད་བྱུང་བཞིན་ཡོད་པ་རེད། སྐུ་ལུས་མེར་སྲེག་གནང་རྒྱུར་ང་ཚོས་མོས་མཐུན་བྱེད་ཀྱི་མེད་ཀྱང་ཁོང་ཚོའི་མངོན་འདོད་ལ་རྒྱབ་སྐྱོར་ཞུ་གི་ཡོད་ཅེས་སོགས་གསུང་བཤད་གནང་ཡོད་པ་རེད།

སྤྱི་འཐུས་ཚོགས་གཙོས་གཏམ་བཤད་གནང་བཞིན་པ། ༢༠༡༤།༣།༡༠

སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོཊ་ཀྱི་གསུང་བཤད་སྒྲོག་སྦྱང་གནང་སྐབས་འདས་པའི་ལོ་༥༥་རིང་གི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་སྤྱི་དང་། ལྷག་དོན་དུ་དེང་སྐབས་བོད་ནང་རང་ལུས་མེར་སྲེག་གཙོས་བོད་མིས་རྒྱ་ནག་གཞུང་ལ་ངོ་རྒོལ་མུ་མཐུད་ནས་གནང་བཞིན་པའི་རྐྱེན་རྩ་གཙོ་བོ་ནི་རྒྱ་གཞུང་གིས་བོད་ནང་ཆབ་སྲིད་ཀྱི་དྲག་གནོན་དང་། རིག་གཞུང་མཉམ་བསྲེས། དཔལ་འབྱོར་ཟུར་ཕུད། མི་རིགས་དབྱེ་འབྱེད། འབྲོག་པ་གནས་སྤོ།  ཁོར་ཡུག་རྩ་གཏོར་སོཌ་མཁྲེཊ་འཛིན་གྱི་སྲིད་བྱུས་ངན་པ་ལག་ལེན་བསྟར་དང་བསྟར་བཞིན་པའི་དབང་གིས་བྱུང་བ་ཚང་མས་ཤེས་གསལ་ཡིན་པ་དང་། ཡང་བོད་མིའི་འཐབ་རྩོད་ཀྱི་ངོ་བོ་ནི་མཐའ་གཅིག་ཏུ་འཚེ་མེད་ཞི་བ་དང་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་མེད་པར་བོད་མིའི་སྒྲིག་འཛུཌ་ཀྱིས་འབད་བརྩོན་གནང་བཞིན་པ་ནི་རང་དབང་མང་གཙོར་ལོངས་སུ་སྤྱོད་བཞིན་པའི་མི་ཚང་མས་ཤེས་གསལ་ཡིན་ལུཊ་གསུངས་པ་དང་། ད་དུང་ཁོང་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོཊ་ཀྱིས་བོད་ཀྱི་རྩ་དོན་སྤྱི་དང་ལྷག་དོན་དུ་ད་ལྟའི་བོད་ནང་གི་ཛ་དྲག་གནས་བབ་ལ་གཞིཊ་ཏེ་རྒྱ་གར་དང་རྒྱལ་སྤྱིའི་གཞུང་འཛིན་དང་གྲོས་ཚོཊ་ཁག་སོཌ་ལ་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་མུས་ཡིན་སྐོར་སོཌ་གསུངས་འདུག

ཡོ་རོབ་སྤྱི་མཐུན་ཚོཊ་ཀྱི་དཔལ་འབྱོར་དང་སྤྱི་ཚོཌ་ཡར་རྒྱས་ལྷན་ཁང་གི་ཚོཌ་གཙོ་Henri Malosseམཆོག་གིས་གསར་འགོད་ལྷན་ཚོགས་ཐོག་གཏམ་བཤད་གནང་བཞིན་པ།

ཡང་གཞུང་འབྲེལ་མཛད་སྒོའི་ཐོག་ཡོ་རོབ་སྤྱི་མཐུན་ཚོཊ་ཀྱི་དཔལ་འབྱོར་དང་སྤྱི་ཚོཌ་ཡར་རྒྱས་ལྷན་ཁང་གི་ཚོཌ་གཙོ་Henri Malosseམཆོག་ལྷན་བཞུཊ་དང་། གཏམ་བཤད་གནང་སྐབས བཙན་བྱོལ་བོད་མིའི་སྤྱི་ཚོཊ་ནི་འཛམ་གླིང་ནང་རང་ཡུལ་བྲལ་ནས་གནས་སྡོད་བྱེད་མཁན་བཙན་བྱོལ་བ་རང་དབང་མེད་མཁན་གཞན་རྣམས་ལ་མིག་དཔེ་འོས་པའི་སྤྱི་ཚོཊ་ཤིག་ཆཊ་ཡོད་པ་སོཊ་ཡི་རངས་བསྡཊ་བརྗོད་གནང་བ་དང་། གཞིས་ལུས་བོད་རྒྱ་ཆེའི་མི་མང་རྣམས་ཀྱིས་འདས་པའི་ལོ་༥༠་ལྷག་རིང་རང་དབང་གི་དོན་དུ་འཐབ་རྩོད་གནང་བཞིན་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུས་འདུག་ལ་རྒྱ་ནག་གཞུང་གིས་དྲག་གནོན་འོག་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པའི་བོད་མི་རྣམས་ཀྱི་གཙོས་རྒྱ་ནག་ནང་གི་རྒྱ་མི་རིགས་རང་དབང་བྲལ་བ་རྣམས་དང་དེ་བཞིན་འཛམ་གླིང་ས་ཕྱོཌ་གང་སར་རང་དབང་དང་བྲལ་ནས་དཀའ་སྡུག་མྱོང་བཞིན་པ་རྣམས་ལ་ཡང་སེམས་གསོ་དང་སྦྲཊ་རྒྱབ་སྐྱོར་ཞུས་གནང་འདུག ཡང་ཁོང་གིས་བོད་ཀྱི་གནད་དོན་ནི་རྒྱལ་སྤྱིའི་གནད་དོན་ཞིག་ཡིན་པར་བརྟེན་ནས་ཁོང་ད་རེས་དེར་བཅར་བ་ཡིན་ཞེས་དང་། ཡོ་རོབ་སྤྱི་མཐུན་ཚོཌ་པ་འདི་རང་དབང་དང་མང་གཙོ་ ཆིག་སྒྲིལ་སོཌ་རིན་ཐང་དེ་དག་ལ་གཞི་བཅོལ་ནས་གསར་འཛུཌ་གནང་བ་ཞིག་ཡིན་པ་དང་། ཡོ་རོབ་སྤྱི་མཐུན་ཚོཊ་ཀྱིས་དབུ་མའི་ལམ་གྱི་སྲིད་ཇུས་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུས་ཐོག་བོད་ཀྱི་གནད་དོན་དེ་འཚེ་བ་མེད་པར་གྲོས་མོལ་གྱི་ལམ་ནས་སེལ་རྒྱུར་རྒྱབ་སྐྱོར་མུ་མཐུད་ནས་ཞུ་རྒྱུ་ཡིན་སྐོར་སོཊ་གསུང་འདུག

རྡ་རམ་སཱ་ལའི་གསུམ་བཅུའི་དུས་དྲན་ཉིན།

གསར་འགོད་པ་དབྱངས་སྒྲོལ་དང་བསོད་ནམས་ལྷ་མོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org