བོད་མི་༣༨༠༠༠༠དངུལ་བུན་སྔ་གཡར་གྱི་སྒྲིག་སྲོོལ་ནང་ཡོད་པ།

སྔ་ལོར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དངུལ་བུན་སྔ་གཡར་གྱི་སྒྲིག་སྲོལ་ནང་མི་དམངས་འབུམ་གསུམ་དང་ཁྲི་བརྒྱད་ཙམ་ཡོད་ལུགས།

༄༅༎༢༠༠༨ལོའི་ཕྱི་ཟླ་བཅུ་པའི་ཟླ་མཇུག་བར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དངུལ་བུན་སྔ་གཡར་གྱི་སྒྲིག་སྲོལ་ནང་མི་དམངས་འབུམ་གསུམ་དང་ཁྲི་བརྒྱད་ཙམ་ཡོད་པའི་སྐོར་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག

མི་གྲངས་འབུམ་གསུམ་དང་ཁྲི་བརྒྱད་ལ་དངུལ་བུན་སྔ་གཡར་བྱས་པའི་དངུལ་གྱི་བསྡོམས་འབོར་ཁྱོན་རྒྱ་མིའི་དངུལ་ལོར་ཐེར་འབུམ་བདུན་ཟིན་ཡོད་པ་དེ་ནི་སྔོན་གྱི་དུས་ཚོད་གཅིག་པ་དང་བསྡུར་བ་ཡིན་ན་རྒྱ་མིའི་དངུལ་ལོར་ས་ཡ་ཉིས་བརྒྱས་མང་དུ་ཕྱིན་ཡོད་པ་རེད།

བོད་ནང་མི་སྒེར་སོ་སོར་དངུལ་བུན་སྔ་གཡར་བྱེད་པའི་ལམ་སྲོལ་དེ་དར་ཁྱབ་གོང་འཕེལ་ཕྱིན་པ་དང་ཆབས་ཅིག་ནོར་སྲིད་དཔལ་འབྱོར་དང་འབྲེལ་བ་ཡོད་པའི་སྡེ་ཚན་ཚོས་མང་ཚོགས་ལ་དངུལ་བུན་སྔ་གཡར་དང་སྒེར་སོ་སོས་དངོས་རྫས་ཉོ་སྐབས་དངུལ་སྤྲོད་མི་དགོས་པར་ཁེརེ་ཌིཏ་ཁ་ཌེ་ཞེས་པའི་ལག་ཁྱེར་བེད་སྤྱོད་གཏོང་བའི་ལམ་སྲོལ་དེ་ཚོ་སྟབས་བདེ་པོ་བཟོས་ཡོད་པ་དང་ལམ་སྲོལ་དེས་དངུལ་ཁང་གི་བུ་ལོན་སྔར་གཡར་གྱི་ལས་འཆར་ལ་ཉེན་ཁ་བཟོ་གི་ཡོད་པ་རེད།

འོན་ཀྱང་ཚོས་ལས་དངུལ་ཁང་ཁག་གིས་གོང་ཞུས་ལམ་སྲོལ་དེ་ཚོའི་ཐོག་སྔ་ས་ནས་བཀག་སྡོད་ཡག་པོ་བྱས་པ་ཡིན་ན་དངུལ་བུན་སྔ་གཡར་དང་འབྲེལ་བའི་ཉེན་ཁ་དེ་ཚོ་འགོག་ཐུབ་རྒྱུ་ཡིན་སྐོར་ཤིན་ཧྭ་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org