སྐུའི་མཁྲིས་རྡོའི་གཤག་བཅོས་ལེགས་གྲུབ་བྱུང་བ།
2008.10.10

ཨེ་ཨེཕ་པི།
༄༅༎ཕྱི་ཟླ་བཅུ་པའི་ཚེས་བཅུ་རེས་གཟའ་པ་སངས་ཀྱི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཞུང་གཉེར་ཤྲི་གངྒ་རཱམ་སྨན་ཁང་དུ་མཁྲིས་རྡོའི་གཤག་བཅོས་ལེགས་གྲུབ་བྱུང་ཡོད་པ་རེད། དེ་ཡང་དཔལ་ལྡན་སྐུ་སྒེར་ཡིག་ཚང་ནས་དེ་རིང་གསལ་བསྒྲགས་སྤེལ་བར་གཞིགས་ན་༸གོང་ས་མཆོག་རྒྱ་གར་གྱི་སྨན་ཁང་ཤྲི་གངྒ་རཱམ་དུ་གཤག་བཅོས་གནང་ནས་སྟབས་བདེ་པོའི་ངང་མཁྲིས་རྡོ་བཏོན་པའི་གཤག་བཅོས་དེ་ལམ་ལྷོང་ལྡན་པ་ཞིག་བྱུང་ཡོད་པ་དང་ཉིན་ཤས་རིང་སྨན་ཁང་དུ་སྐུ་ངལ་བཞུགས་བཞག་གནང་རྗེས་ཕྱི་ཟླ་བཅུ་གཅིག་པའི་ཟླ་མགོར་ཉི་ཧོང་དུ་ཆིབས་བསྒྱུར་བསྐྱང་རྒྱུའི་མཛད་འཆར་ཁག་དེ་སྔོན་འཆར་གཞི་བཞིན་གནང་ཐུབ་པའི་རེ་བ་གནང་གི་ཡོད་སྐོར་༸གོང་ས་མཆོག་གི་སྐུ་སྒེར་དྲུང་ཆེ་སྟག་ལྷ་བསྟན་འཛིན་ལགས་ཀྱིས་རོཡི་ཊར་གསར་སྤེལ་ཁང་ལ་འགྲེལ་བརྗོད་གནང་འདུག།