འོས་བསྡུ་དང་མང་གཙོའི་ལམ་སྲོལ།
རྒྱ་གར་རྒྱལ་ཡོངས་ཆེན་མོའི་འོས་བསྡུ་ལྷན་ཁང་གི་འགན་འཛིན་ཟུར་པ་ཀི་རིཤ་ན་མུ་ཏི་ལགས་དང་ལྷན་དུ་འོས་བསྡུ་དང་འབྲེལ་བའི་བགྲོ་གླེང༌།
-
2010-09-25 -
-
-
བཞུཊ་སྒར་དུ་རྒྱ་གར་དབུས་འོས་བསྡུ་ལྷན་ཁང་གི་འགན་འཛིན་ཟུར་པ་ཀི་རིཤ་ན་མུ་ཏི་དང་ལྷན་དུ་འོས་བསྡུ་དང་འབྲེལ་བའི་བགྲོ་གླེང་གནང་བཞིན་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། བསྟན་འཛིན་དོན་ཡོད།
Your browser doesn’t support HTML5 audio
གསར་འགྱུར་ལ་གསན་རོགས། |
༄༅༎ཕྱི་ལོ་ཉིས་སྟོང་བཅུ་ཟླ་དགུ་པའི་ཚེས་ཉི་ཤུ་རྩ་བཞི་རེས་གཟའ་པ་སངས་ཀྱི་ཉིན། བཞུགས་སྒར་དུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་རྒྱ་གར་རྒྱལ་ཡོངས་ཆེན་མོའི་དབུས་འོས་བསྡུ་ལྷན་ཁང་གི་འགན་འཛིན་ཟུར་པ་སྐུ་ཞབས་ཀི་རིཤ་ན་མུ་ཏི་ལགས་གདན་ཞུ་གནང་སྟེ། སྤྱི་ཡོངས་ཀྱི་མང་ཚོགས་ཀྱི་ལྟ་གྲུབ་དང་འོས་བསྡུའི་ལས་རིམ། དེ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་འོས་བསྡུའི་ལས་རིམ་དང་མང་གཙོའི་ལམ་སྲོལ་སོགས་ཀྱི་ཐད་བགྲོ་གླེང་ཞིག་སྐོང་ཚོགས་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས༎