རྒྱ་གར་གྲོས་ཚོགས་ནང་རྩ་ཁྲིམས་དོན་ཚན་༣༧༠འབྲུ་དོན་ཇ་མུ་ཀཱཤ་མིར་མངའ་སྡེའི་གནས་བབ་ཕྱིར་བསྡུ་གནང་བ།
2019.08.10

༄༅༎ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ༢༠༡༩ ཕྱི་ཟླ་ ༨ ཚེས་ ༥ ཉིན་རྒྱ་གར་གྲོས་ཚོགས་ནང་རྩ་ཁྲིམས་དོན་ཚན་ ༣༧༠ འབྲུ་དོན་འཇ་མུ་ཀཤ་མིར་ལ་དམིགས་བསལ་གནས་བབ་ཀྱི་ཆ་རྐྱེན་ཡོད་པ་ཕྱིར་བསྡུ་གནང་སྟེ། ལ་དྭགས་ས་ཁུལ་རྒྱ་གར་དབུས་གཞུང་གི་ཐད་ཀའི་འཛིན་སྐྱོང་ས་ཁུལ་ཁོངས་སུ་འཇུག་རྒྱུའི་ཁྲིམས་གཞི་གཏན་འབེབས་གནང་བར་དཔྱད་གཞིའི་སླད། རྒྱ་གར་ནོཡྀ་ཌ་གྲོང་ཁྱེར་གྱི་ཨ་མེ་ཋི་སློབ་གྲྭ་ཆེན་མོ་ནས་ཆབ་སྲིད་རིག་པར་འབུམ་རམས་པའི་སློབ་གཉེར་བ་ཡེ་ཤེས་ཟླ་བ་ལགས་དང་། དྷིལླི་ཇྭ་ཧར་ལལ་ནེཧ་རུ་སློབ་གྲྭ་ཆེན་མོ་ནས་ཡོ་རོབ་མཐུན་ཚོགས་དང་བོད། རྒྱ་ནག་བཅས་ཀྱི་ཆབ་སྲིད་རིག་པར་འབུམ་རམས་པའི་སློབ་གཉེར་གནང་བཞིན་པ་ཨ་པ་ལྷ་མོ་ལགས། རྒྱལ་སྤྱི་དང་རྒྱ་ནག་གི་ཆབ་སྲིད་རིག་པ་བ་དང་རྩོམ་བྲིས་པ་དཔལ་ལྡན་བསོད་ནམས་ལགས་བཅས་དང་ལྷན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།
གསར་འགོད་པ་བཀྲ་ཤིས་དབང་ཕྱུག