ཨོ་ལིམ་པིག་རྩེད་འགྲན་རྒྱ་ནག་ནང་ཚོགས་བཅུག་རྒྱུ་མེད་ལུགས་ཞུ་སྐུལ་གནང་བ།

ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་Marco Rubio མཆོག་དང་། Christ Smith རྣམ་གཉིས་ནས་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་ལ་ཞུ་སྐུལ་གནང་བ།

ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་Marco Rubio དང་། གྲོས་ཚོགས་འོག་མའི་འཐུས་མི་Christ Smith། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་།

༄༅།།གསར་འགྱུར་དང་འབྲེལ་བའི་ལེ་ཚན་ནང་། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་Marco Rubio མཆོག་དང་། Christ Smith རྣམ་གཉིས་ནས་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་ལ་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་གཞིགས་པས་རྩེད་འགྲན་རྒྱ་ནག་ནང་ཚོགས་བཅུག་རྒྱུ་མེད་ལུགས་ཞུ་སྐུལ་གནང་བའི་གནད་དོན་ཐད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་། དབྱིན་ཡུལ་ནང་བོད་རང་དབང་ལས་འགུལ་ཚོགས་པ་། འཛམ་གླིང་ཝི་གུར་ཚོགས་པ་། བཙན་གནོན་འོག་ཚུད་པ༷འི་རྒྱལ་ཁབ་ཀྱི་མཐུན་ཚོགས་། དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱི་འབྲེལ་ཡོད་ཚོའི་དགོངས་ཚུལ་བཀའ་འདྲི་ཞུས་ཏེ་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་རིག་འཛིན་ཆོས་སྒྲོན་ལགས་ནས་སྙན་སྒྲོན་ཞུས་པར་གསན་རོགས།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org