མི་ལོ ༧༠འི་རིང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་།

མི་ལོ ༧༠འི་རིང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་ག་འདྲ་ཞིག་ཡིན་མིན་སོགས་ཀྱི་སྐོར་ལ་གླེང་བ།

མི་ལོ ༧༠འི་རིང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཡིག་ཆ་དཀར་པོ་ཟེར་བ། རྒྱ་ནག་གི་གཞུང་འབྲེལ་དྲ་ཚིགས།

༄༅།།ཐེངས་འདིའི་གངས་ལྗོངས་གླེང་སྟེགས་ཀྱི་སྐབས་སུ་བབ་པའི་གླེང་གཞི་ནི། རྒྱ་ནག་གུང་ཁྲན་ཚོགས་པས་ཀྲུང་ཡོན་ས་ཆེན་སྟེང་སྒེར་སྡེམ་སྲིད་དབང་བཙུགས་ནས་མི་ལོ ༧༠འི་རིང་། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་ག་འདྲ་ཞིག་ཡིན་པ་དང་། སྒོས་སུ་བོད་སོགས་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། རྒྱ་ནག་དམར་ཤོག་གཞུང་གིས་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་འཕེལ་རྒྱས་ལ་གཞོགས་འདེགས་བྱས་ཡོད་མེད་སྐོར་གླེང་རྒྱུ་ཡིན་ལ། ཞོར་ནས་རྒྱ་ནག་དམར་ཤོག་གཞུང་གིས་འཛམ་གླིང་འགྲོ་བ་ཡོངས་ཁྱབ་ཀྱི་ཤོད་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་མ་ཡིན་པས་རྒྱ་ནག་གཞུང་རང་གི་དགོས་མཁོ་ལྟར་འགྲོ་བ་མིའི་ཐོབ་ཐང་ལ་མཚན་ཉིད་ཅིག་བཞག་ཡོད་པའི་སྐོར་འབྲེལ་ཡོད་ཁག་ཅིག་དང་གླེང་བ་གསན་རོགས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org