རྒྱ་ནག་གི་དཔོན་རིགས་ཚོའི་ལྐོག་མཚང་བསྟུད་མར་རྗེན་འབྱིན་བྱས་པ།

ཀུའུ་ཝེན་ཀུས་ཀྱིས་རྒྱ་ནག་གི་དཔོན་རིགས་ཚོའི་ལྐོག་མཚང་བསྟུད་མར་རྗེན་འབྱིན་བྱས་པའི་སྐོར།

ཀུའུ་ཝེན་ཀུས་ཀྱིས་རྒྱ་ནག་གི་དཔོན་རིགས་ཚོའི་ལྐོག་མཚང་བསྟུད་མར་རྗེན་འབྱིན་བྱས་པ། འདྲ་བཤུས།

འདས་པའི་ཟླ་འགའི་རིང་། ཀུའུ་ཝེན་ཀུས་ཀྱིས་རྒྱ་ནག་གི་དཔོན་རིགས་ཚོའི་ལྐོག་མཚང་བསྟུད་མར་རྗེན་འབྱིན་བྱས་པར། མི་སུ་དང་དོན་དག་གང་ལ་འབྲེལ་བ་ཆགས་ཡོད་པ་དང་། གནོད་འཚེ་ཕོག་མཁན་སུ་ཡིན། ཁེ་བཟང་རག་མཁན་སུ་ཡིན། རྒྱ་ནག་གཞུང་ཀུའུ་ཝེན་ཀུས་ཀྱིས་ལྐོག་མཚང་རྗེན་པར་འབྱིན་པར་འཇིགས་དོན་ཅི་ཞིག་ཡིན་ནམ། ཀུའུ་ཝེན་ཀུས་ཀྱིས་དོན་དངོས་སུ་ཚེ་སྲོག་སྐྱོབ་པ། རྒྱུ་ནོར་སྐྱོབ་པ་། དགྲ་ཤ་ལེན་ཆེད་ཡིན་ནམ། ཡང་ན་ཆབ་སྲིད་ཀྱི་དམིགས་ཡུལ་གཞན་ཡོད་དམ། དེ་མིན་ཀུའུ་ཝེན་ཀུས་ཀྱིས་རྒྱ་ནག་གི་དཔོན་པོ་ཚོའི་ལྐོག་མཚང་རྗེན་འབྱིན་གྱི་བར་བར་ནས། རྒྱ་ནག་ཆེས་མཐོའི་དབུ་ཁྲིད་ཀྱི་བཀོད་མངགས་ལྟར ༧སྤྱི་ནོར༧གོང་ས་མཆོག་ལ་མཇལ་ལུགས་དང་འགྲོ་སོང་ཕོན་ཆེན་བཏང་ལུགས་སོགས་ཐེངས་གཅིག་མིན་གཉིས་མིན་དུ་གླེང་ཡོད་པས་དེའི་སྐོར་ཡང་མཉམ་དུ་གླེང་རྒྱུ་ཡིན།
སྐུ་མགྲོན།
ད་ལྟ་ཨ་རི་ན་ཡོད་པའི་སྐུ་སྒེར་རྒྱ་ཡིག་སྡེ་ཚན་གྱི་འགན་འཛིན་ཟུར་པ་འཇམ་དབྱངས་དར་རྒྱས་ལགས་དང་།   ད་ལྟ་ཨོ་སི་ཊི་རེ་ལེ་ཡ་ན་ཡོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཞིབ་འཇུག་པ་ཟུར་བ་ཚེ་རིང་རྒྱལ་ལགས་བཅས་ཡིན།

 

གསར་འགོད་པ་སྟག་ལྷ་རྒྱལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org