མི་རིགས་ཕན་ཚུན་གཉེན་སྒྲིག་བྱེད་དགོས།
ཉེ་ཆར་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཁྲིན་ཆོན་ཀོའུ་ཟེར་བས་མི་རིགས་ཕན་ཚུན་གཉེན་སྒྲིག་བྱེད་རྒྱུར་སྐུལ་འདེད་བྱས་འདུག
-
2014-08-08 -
-
-
Your browser doesn’t support HTML5 audio
༄༅། །ཐེངས་འདིའི་གངས་ལྗོངས་གླེང་སྟེགས་ཞེས་པའི་ལེ་ཚན་ནང་། ཉེ་ཆར་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཁྲིན་ཆོན་ཀོའུ་ཟེར་བས་མི་རིགས་ཕན་ཚུན་གཉེན་སྒྲིག་ནི། བོད་དུ་ཁ་བྲལ་འཐབ་རྩོད་སྤེལ་རྒྱུའི་འགྱུར་མེད་སྲ་བརྟན་གྱི་འགན་སྲུང་དེ་ཡིན་ཞེས་མི་རིགས་ཕན་ཚུན་གཉེན་སྒྲིག་བྱེད་རྒྱུར་སྐུལ་འདེད་བྱས་ཡོད་པའི་སྐོར་དང་།
དེ་ལས་གཞན། ཉེ་སྔོན་རྒྱ་ནག་གཞུང་གིས༼རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པ་ཧོང་ཀོང་དམིགས་བསལ་ས་ཁུལ་ དུ་ལག་བསྟར་བྱས་ཚུལ༽ཞེས་པའི་རྒྱབ་ཤ་དཀར་པོའི་ཡིག་ཆ་ཞིག་སྤེལ་ནས། པེ་ཅིན་དབུས་གཞུང་ལ་ཧོང་ཀོང་དམིགས་བསལ་ས་ཁུལ་ལ་ཕྱོགས་ཡོངས་ནས་དོ་དམ་དང་བདག་ སྐྱོང་བྱ་རྒྱུའི་དབང་ཆ་ཆ་ཚང་ཡོད་ཅེས་ནན་གྱིས་བརྗོད་ནས་ཚད་མཐོའི་རང་སྐྱོང་དང་། ཧོང་ཀོང་བས་ཧོང་ཀོང་སྐྱོང་བ་ཞེས་པའི་གཞི་རྩའི་རྩ་དོན་ལ་འགྱུར་བ་གཏོང་ཐབས་ བྱེད་བཞིན་པའི་སྐོར་ལ་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།།
གསར་འགོད་པ་སྟག་ལྷ་རྒྱལ།