རྒྱ་གཞུང་ནས་ནད་ཡམས་ཀྱི་གོ་སྐབས་བཟུང་ནས་རང་གི་ཤུགས་རྐྱེན་རྒྱ་སྐྱེད།
རྒྱ་ནག་གཞུང་གིས་ནད་ཡམས་ཀྱི་གོ་སྐབས་བཟུང་ནས་རྒྱལ་སྤྱིའི་སྟེང་སྟོབས་ཤུགས་རྒྱ་སྐྱེད་དང་ཤུགས་རྐྱེན་འཇོག་ཐབས་བྱས་པ།
-
2020-05-02 -
-
-
Your browser doesn’t support HTML5 audio
༄༅།། ཐེངས་འདིའི ༼གངས་ལྗོངས་གླེང་སྟེགས༽ཀྱི་སྐབས་སུ་བབ་པའི་གླེང་གཞི་ནི། གཙོ་བོ་རྒྱ་ནག་གཞུང་གིས་ནད་ཡམས་ཀྱི་གོ་སྐབས་བཟུང་ནས་རྒྱལ་སྤྱིའི་སྟེང་སྟོབས་ཤུགས་རྒྱ་སྐྱེད་དང་ཤུགས་རྐྱེན་འཇོག་ཐབས་བྱས་པས་མ་ཚད། འཛམ་གླིང་གི་རྒྱལ་ཁབ་མང་པོ་དཀའ་ངལ་ལ་འཕྲད་པའི་གོ་སྐབས་བཟུང་ནས་ཚད་ལྡན་མིན་པའི་ཁ་ཐུམ་དང་བརྟག་ཞིབ་འཕྲུལ་ཆས་སོགས་བཙོང་ནས་མགོ་གཡོག་མགོ་སྐོར་གྱི་བྱ་སྤྱོད་སྤེལ་པའི་སྐོར་དང་། དེ་མིན་ནད་ཡམས་དང་མཉམ་དུ་རྒྱ་ནག་གཞུང་གི་ཧམ་སེམས་དང་རྒྱ་མི་རིགས་ཀྱི་གཤིས་ཀ་སོགས་འཛམ་གླིང་མི་རྣམས་པའི་མཐོང་སྣང་དུ་དམར་རྗེན་དུ་ཐོན་པ་ལ་སོགས་པའི་ཐད་བགྲོ་གླེང་བྱེད་རྒྱུ་ཡིན་ལ། ཞོར་ནས་ནམ་རྒྱུན་གྱི་བཤད་སྲོལ་ཞིག་ལ། རྒྱ་ནག་གཞུང་དང་རྒྱ་ནག་མི་དམངས་ཞེས་ངོ་བོ་ཐ་དད་དུ་དབྱེ་བཞིན་ཡོད་པ་དེ་། ཐེངས་འདིའི་ཏོག་དབྱིབས་ནད་དུག་ལས་དེ་གཉིས་ངོ་བོ་དབྱེར་མེད་དུ་མངོན་ཚུལ་གནད་དོན་དབྱེ་ཞིབ་པའི་བརྗོད་ཀྱི་ཡོད་པའི་སྐོར་ཡང་ཅུང་ཞིག་གླེང་རྒྱུ་ཡིན།