སྐབས་༡༦པའི་སྤྱི་འཐུས་གསར་པ་རྣམ་པར་ཟབ་སྦྱོང༌དབུ་འཛུགས།
སྐབས་བཅུ་དྲུག་པའི་སྤྱི་འཐུས་ལྷན་ཚོགས་ནང་གསར་དུ་བདམས་ཐོན་བྱུང་བའི་སྤྱི་འཐུས་རྣམ་པར་སྲིད་བྱུས་དང་ཁྲིམས་སྒྲིག་ཐོག་ཟབ་སྦྱོང་ཞིག་གནང་བཞིན་ཡོད་པ།
-
2016-06-04 -
-
-
སྐབས་བཅུ་དྲུག་པའི་སྤྱི་འཐུས་ལྷན་ཚོགས་ནང་གསར་དུ་བདམས་ཐོན་བྱུང་བའི་སྤྱི་འཐུས་རྣམ་པར་སྲིད་བྱུས་དང་ཁྲིམས་སྒྲིག་ཐོག་ཟབ་སྦྱོང་།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། ཨོ་རྒྱན་བསྟན་འཛིན།
Your browser doesn’t support HTML5 audio
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༤ ཉིན། བཞུགས་སྒར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་ལས་ཁུངས་ཀྱིས་གོ་སྒྲིག་འོག སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་གསར་དུ་བདམས་ཐོན་བྱུང་བའི་སྤྱི་འཐུས་རྣམ་པར་བཙན་བྱོལ་བོད་མིའི་སྲིད་བྱུས་དང་ཁྲིམས་སྒྲིག་བཅས་ཀྱི་སྐོར་ལ་ཟབ་སྦྱོང་ཞིག་གནང་བཞིན་ཡོད་པའི་སྐོར། ཞིབ་ཕྲ་འདི་གའི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎
གསར་འགོད་པ་ཨོ་རྒྱན་བསྟན་འཛིན།