བོད་ཞི་བའི་བཅིངས་གྲོལ་བཏང་ནས་མི་ལོ་༧༠་འཁོར་བ་ཟེར་བར་ངོ་རྒོལ།
རྒྱ་ནག་གཞུང་གིས་བོད་ཞི་བའི་བཅིངས་གྲོལ་བཏང་ནས་མི་ལོ་༧༠་འཁོར་བའི་དུས་སྟོན་ཟེར་བ་ཚོགས་ཡོད་པར་བོད་མི་ཚོས་ངོ་རྒོལ་གྱི་ལས་འགུལ་ཞིག་ཨ་རིའི་ནིའིུ་ཡོག་གྲོང་ཁྱེར་དུ་སྤེལ་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག་ཡོད།
- 2021-08-21
-
-
-
ནིའུ་ཡོག་ནང་གི་རྒྱ་ནག་གཞུང་ཚབ་མདུན་དུངོ་རྒོལ་སྤེལ་བཞིན་པ།
ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས།
Your browser doesn’t support HTML5 audio
བོད་ཀྱི་རྒྱལ་ས་ལྷ་སའི་ནང་དུ་དམ་དྲག་ཆེན་པོའི་འོག་རྒྱ་ནག་གཞུང་གིས་བོད་ནང་དུ་བོད་ཞི་བའི་བཅིངས་གྲོལ་བཏང་སྟེ་ལོ་ངོ་༧༠ འཁོར་བ་ཟེར་བའི་དུས་སྟོན་ཞིག་ཚོགས་ཡོད་པར་། ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་མདུན་དུ་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པ་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། མདོ་ཁམས་ཆུ་བཞི་སྒང་དྲུག་བཅས་ཀྱིས་གོ་སྒྲིག་བྱས་པ་བཞིན་ས་གནས་ཀྱི་བོད་མི་ཁག་ཅིག་མཉམ་ཞུགས་བྱས་ཏེ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་གནང་ཡོད་པའི་སྐོར་འདི་གའི་གསར་འགོད་པ་ཆོས་འཕེལ་ལགས་ཀྱིས་གནས་ཚུལ་ཕྱོགས་བསྡུས་ཞུས་པར་གསན་རོགས།
གསར་འགོད་པ། ཇོ་ལེབ་ཆོས་འཕེལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།