གཞུང་ཞབས་པ་ཟུར་པ་རབ་སྒང་བསོད་ནམས་དཔལ་འབྱོར།

2023.09.16
གཞུང་ཞབས་པ་ཟུར་པ་རབ་སྒང་བསོད་ནམས་དཔལ་འབྱོར།
རབ་སྒང་ཚེ་རིང་ཕུན་ཚོགས།

བོད་གཞུང་དགའ་ལྡན་ཕོ་བྲང་པ་ཆེན་པོའི་གཞུང་ཞབས་པ་ཟུར་པ་རབ་སྒང་བསོད་ནམས་དཔལ་འབྱོར་ལགས་ཕྱི་ཟླ་ ༩ ཚེས་ ༡༡ ཉིན་སུད་སིར་དགུང་གྲངས་ ༩༨ ཐོག་དགོངས་པ་རྫོགས་ཡོད་ཅིང་།  ཁོང་ནི་བོད་མ་ཤོར་གོང་གི་བོད་གཞུང་གི་གཞུང་ཞབས་སྐུ་ན་བགྲེས་པ་འཚོ་བཞུགས་ཡོད་པ་ཁ་ཤས་ལས་མེད་པའི་ཁོངས་ནས་གཅིག་ཡིན་ཅིང་།  དགུང་ལོ་ ༡༧ ལ་ཕེབས་སྐབས་ ༡༩༤༣ ལོར་གཞུང་ཞབས་སུ་འཛུལ་ཞུགས་གནང་སྟེ།  ལྷ་ས་དང་།  རྒྱལ་རྩེ།  འབྲི་གུ་རྫོང་བཅས་སོགས་ས་ཁུལ་མང་པོའི་ནང་འཁྲལ་བསྡུ་དང་རྩིས་པ་བཅས་ཀྱི་ཐུགས་འགན་སྣ་ཚོགས་བཞེས་ཏེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་འོག་ཏུ་ཞབས་ཞུ་བསྒྲུབས་མྱོང་ཡོད་མཁན་ཞིག་ཡིན་པ་རེད།  ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  ལེའུ་གཉིས་སུ་ཆ་བགོས་ཀྱི་དེ་རིང་ལེའུ་དང་པོའི་ནང་།  རབ་སྒང་བསོད་ནམས་དཔལ་འབྱོར་ལགས་ཀྱི་བོད་ནང་གི་སྐུ་ཚེའི་ལོ་རྒྱུས་སྐོར་ཁོང་གི་སྲས་རབ་སྒང་ཚེ་རིང་ཕུན་ཚོགས་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་བཀའ་དྲི་ཞུས་པར་གསན་རོགས་གནང་།

གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎