བཟང་སྤྱོད་སྐོར་ཤེས་ཡོན་བསླབ་གཞི་ནང་བཅུག་ཐུབ་པ་འདི་རྒྱུན་གནས་ཐུབ་པའི་ཕན་ནུས་ལྡན་པ་ཞིག་ལ་ངོས་འཛིན་གནང་གི་འདུག

2024.09.05
བཟང་སྤྱོད་སྐོར་ཤེས་ཡོན་བསླབ་གཞི་ནང་བཅུག་ཐུབ་པ་འདི་རྒྱུན་གནས་ཐུབ་པའི་ཕན་ནུས་ལྡན་པ་ཞིག་ལ་ངོས་འཛིན་གནང་གི་འདུག
The Emory Tibet Science Initiative (ETSI)

ཨ་མི་རི་ཀའི་ཇོར་ཇི་ཡ་ (Georgia) མངའ་སྡེའི་ཨེཊ་ལེན་ཊཱ་ (Atlanta) གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཨེ་མོ་རི་(Emory) གཙུག་ལག་སློབ་ཆེན་དུ་ཕྱི་ཟླ་ ༩ ཚེས་ ༣ ནས་ ༦ བར་ཕྱི་ལོ་ ༢༠༢༤ ལོའི་བོད་ཀྱི་བདུན་ཕྲག་ཅེས་པའི་དུས་སྟོན་སྲུང་བརྩི་ཞུ་བཞིན་ཡོད་པ་དང་། ད་ལོའི་དུས་སྟོན་འདིའི་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་བསྟན་འཛིན་རྒྱ་མཚོའི་སློབ་ཡོན་ལས་འཆར་གྱི་སློབ་པ་ཐོག་མའི་གྲས་དགེ་བཤེས་གསུམ་ཆེད་དུ་གདན་ཞུས་ཀྱིས། ཚན་རིག་པ་གཞན་དང་དཔུང་པ་མཉམ་ཞིབ་ཀྱིས་དཔྱད་པའི་གྲུབ་དོན་མཉམ་སྤྱོད་གནང་བཞིན་པ་འདི་ནི་བོད་ཀྱི་དགོན་སྡེ་ཁག་གི་ཚན་རིག་སློབ་སྦྱོང་གི་ཚད་གཞིའི་ལམ་བུ་དམིགས་བསལ་དུ་སླེབས་ཡོད་པའི་མཚོན་རྟགས་ཤིག་ཡིན་པ་རེད། གཤམ་ལ་ཨེ་ཤེ་ཡ་རང་དབང་རླང་འཕྲིན་ཁང་གི་གསར་འགོད་པ་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་ཨེ་མོ་རི་བོད་ཀྱི་ཚན་རིག་ལས་འཆར་གྱི་ཟུང་སྦྲེལ་འགན་འཛིན་འབུམ་རམས་པ་ཚེ་བརྟན་སྒྲོལ་དཀར་ལགས་སུ་བཀའ་དྲི་ཞུས་པའི་ལེ་ཚན་འདི་གསན་གནང་གི་རེད།
1d.jpg

ཨེ་མོ་རི་བོད་ཀྱི་ཚན་རིག་ལས་འཆར་གྱི་ཟུང་སྦྲེལ་འགན་འཛིན་འབུམ་རམས་པ་ཚེ་བརྟན་སྒྲོལ་དཀར།

གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎