ལེགས་བཤད་གསེར་ཕྲེང་གི་བགྲོ་གླེང་ཆེན་མོ་ཚོགས་ཡོད་པ།
ཕྱི་ཟླ་ ༨ ཚེས་ ༡༣ ཉིན་སེར་བྱེས་ཏྲེ་ཧོར་ཁང་ཚན་གྱིས་གོ་སྒྲིག་འོག་ལེགས་བཤད་གསེར་ཕྲེང་གི་བགྲོ་གླེང་ཆེན་མོ་ཚོགས་ཡོད་པ།
-
2019-08-13 -
-
-
ཕྱི་ཟླ་ ༨ ཚེས་ ༡༣ ཉིན་སེར་བྱེས་ཏྲེ་ཧོར་ཁང་ཚན་གྱིས་གོ་སྒྲིག་འོག་ལེགས་བཤད་གསེར་ཕྲེང་གི་བགྲོ་གླེང་ཆེན་མོ་ཚོགས་ཡོད་པ།
སེར་བྱེས་ཏྲེ་ཧོར་ཁང་ཚན།
Your browser doesn’t support HTML5 audio
༄༅།།གནད་དོན་གླེང་མོལ་གྱི་ལས་རིམ་ནང་། འཇམ་མགོན་བླ་མ་རྗེ་ཙོང་ཁ་པ་ཆེན་པོས་ལོངས་སྐུ་མངོན་དུ་མཛད་ནས་མི་ལོ་ ༦༠༠ དང་། རྗེ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་མཆོག་གིས་གདན་ས་ཆེན་མོ་སེ་ར་ཐེག་ཆེན་གླིང་ཕྱག་བཏབ་ནས་མི་ལོ་ ༦༠༠ འཁོར་བ། སེ་ར་ཐེག་ཆེན་གླིང་སྦག་ས་ནས་རྒྱ་གར་ལྷོ་ཕྱོགས་སུ་གནས་སྤོ་བྱས་ནས་ལོ་ ༥༠འཁོར་བ་བཅས་དུས་དྲན་གསུམ་འཛོམས་དང་བསྟུན། སེར་བྱེས་ཏྲེ་ཧོར་ཁང་ཚན་གྱིས་ཕྱི་ཟླ་ ༨ ཚེས་ ༡༣ ཉིན་གོ་སྒྲིག་གནང་བའི་ལེགས་བཤད་གསེར་ཕྲེང་གི་བགྲོ་གླེང་ཆེན་མོ་ཚོགས་ཡོད་པ་ལྟར། གོ་སྒྲིག་འགན་འཁུར་བ་བློ་བཟང་རྡོ་རྗེ་ལགས་དང་བགྲོ་གླེང་གཙོ་སྐྱོང་བ་ལྷ་རམས་པ་བསོད་ནམས་དབང་ལྡན་ལགས་དང་ལྷན་འདི་གའི་ལས་བྱེད་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།