རྒྱ་གར་ལྷོ་ཕྱོགས་སུ་རྒྱལ་ཡོངས་འཕགས་བོད་མཁས་པའི་བགྲོ་གླེང་ཆེན་མོ་ཞིག་ཚོགས་གཏན་འཁེལ་ཡོད་པ།

རྒྱ་གར་ལྷོ་ཕྱོགས་དགའ་ལྡན་ཤར་རྩེ་དང་བྱང་རྩེ་གྲྭ་ཚང་གཉིས་ཀྱིས་གོ་སྒྲིག་འོག་ཕྱི་ནང་གི་ལྟ་སྒོམ་ཐོག་རྒྱལ་ཡོངས་འཕགས་བོད་མཁས་པའི་བགྲོ་གླེང་ཞིག་ཚོགས་གནང་རྒྱུ།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་མཁན་པོ་བྱང་ཆུབ་སངས་རྒྱས་དང་། དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་མཁན་པོ་བློ་བཟང་བསྟན་པ་ལ་མཇལ་ཁ། Buddha Maitreya Project

༄༅།།གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་སྐྱེད་དམ་བཅའ་བཞི་པ་སྟེ་རྒྱ་གར་ནང་གནའ་སྲོལ་ཆོས་ལུགས་གོམ་སྲོལ་བསྐྱར་གསོ་གནང་རྒྱུའི་དགོངས་གཞི་དང་མཐུན་པར།  ཕྱི་ཟླ་ ༧ ཚེས་ ༡༠ ནས་ཉིན་གྲངས་བཞིའི་རིང་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་ཤར་རྩེ་དང་བྱང་རྩེ་གྲྭ་ཚང་གཉིས་ཀྱིས་གོ་སྒྲིག་འོག་ཕྱི་ནང་གི་ལྟ་སྒོམ་ཐོག་རྒྱལ་ཡོངས་འཕགས་བོད་མཁས་པའི་བགྲོ་གླེང་ཆེན་མོ་ཞིག་ཚོགས་གཏན་འཁེལ་བ་དང་བསྟུན།  དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་མཁན་པོ་བྱང་ཆུབ་སངས་རྒྱས་མཆོག་དང་།  དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་མཁན་པོ་བློ་བཟང་བསྟན་པ་མཆོག་རྣམ་གཉིས་དང་ལྷན་འདི་གའི་ལས་བྱེད་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org