ནིའུ་ཛིལེནྜ་རུ་ཞབས་སོར་འཁོད།

དེ་རིང་སྤྱི་ཚེས་༨ཉིན་༸གོང་ས་མཆོག་ནིའུ་ཛི་ལེནྜ་ཡི་གྲོང་ཁྱེར་Christ Churchརུ་ཞབས་སོར་བདེ་བར་འཁོད་གནང་ཡོད་པ།

༸གོང་ས་མཆོག་ནིའུ་ཛི་ལེནྜ་རུ་ཞབས་སོར་བདེ་བར་འཁོད་གནང་སྐབས་ས་གནས་བོད་མི་ཚོས་ཕེབས་བསུ་ཞུ་བཞིན་པ། ༸གོང་ས་མཆོག་གི་དྲ་གནས།

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཕྱི་ཟླ་ ༦ ཚེས་ ༨ ཉིན། ནིའུ་ཛི་ལེནཌ་གྲོང་ཁྱེར་ Christ Church་རུ་ཡོད་པའི་རྒྱལ་སྤྱིའི་གནམ་ཐང་དུ་རུ་ཞབས་སོར་བདེ་བར་འཁོད་གནང་སྐབས། བོད་མི་སེར་སྐྱ་དང་དེ་བཞིན་དད་ལྡན་པ་མི་མང་པོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཞལ་མཇལ་ཞུ་བ་དང་དགའ་བསུ་ཞུ་བར་བཅར་ཡོད་པའི་སྐོར། སྐལ་ལྡན་བློ་གྲོས་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org