ཨ་རིའི་གཞུང་སྒོ་ཕྱེ་བ།
ཨ་རིའི་གྲོས་ཚོགས་ནང་གཞུང་འཛིན་མང་གཙོ་ཚོགས་པ་དང་། ཕྱོགས་འགལ་སྤྱི་མཐུན་ཚོགས་པའི་དབར། རྒྱལ་ཁབ་ཀྱི་བུ་ལོན་སྔ་གཡར་གྱི་ཚད་གཞི་གཏན་འབེབས་བྱ་ཕྱོགས་ལ་མོས་མཐུན་མ་བྱུང་བར་བརྟེན། དབུས་གཞུང་གི་ཆ་ཤས་ཤིག་སྒོ་བརྒྱབས་དགོས་བྱུང་ཡོད་ཀྱང་། བདུན་ཕྲག་གཉིས་ཙམ་གྱི་རྗེས་དེ་རིང་སླར་ཡང་སྒོ་ཕྱེ་ཡོད་པ་རེད།
-
2013-10-17 -
-
-
Your browser doesn’t support HTML5 audio
༄༅། །ཨ་རིའི་གྲོས་ཚོགས་ནང་གཞུང་འཛིན་མང་གཙོ་ཚོགས་པ་དང་། ཕྱོགས་འགལ་སྤྱི་མཐུན་ཚོགས་པའི་དབར། རྒྱལ་ཁབ་ཀྱི་བུ་ལོན་སྔ་གཡར་གྱི་ཚད་གཞི་གཏན་འབེབས་བྱ་ཕྱོགས་དང་། དེ་བཞིན་གཞུང་གི་འགྲོ་གྲོན་དངུལ་རྩིས་ཀྱི་རྩོད་རྙོག་རྐྱེན་པས་དབུས་གཞུང་གི་ཆ་ཤས་ཤིག་སྒོ་བརྒྱབས་དགོས་བྱུང་ཡོད་པ་རེད། རྒྱུ་མཚན་དེ་དག་ལ་བརྟེན། རྒྱལ་ཁབ་ནང་ཁུལ་དང་རྒྱལ་སྤྱིའི་ཐོག་དཔལ་འབྱོར་གྱི་ཐད་ནས་བློ་འཚབ་ཆེན་པོ་བྱུང་བཞིན་པའི་སྐབས། རེས་གཟའ་ལྷག་པའི་དགོང་མོ་གྲོས་ཚོགས་གོང་མའི་ནང་། ཆབ་སྲིད་ཚོགས་པ་གཉིས་ནས་ ནོར་སྲིད་ལས་ཁུངས་ཀྱི་རྒྱལ་ཁབ་ཀྱི་བུ་ལོན་སྔ་གཡར་གྱི་ཚད་གཞི་མཐོ་རུ་གཏང་རྒྱུ་དང་ བུ་ལོན་གྱི་དུས་ཚེས་ཕྱིར་འགྱངས་བྱ་རྒྱུ་ཙམ་དུ་མ་ཟད། གཞུང་བསྐྱར་དུ་སྒོ་ཕྱེ་རྒྱུའི་གྲོས་མཐུན་གཏན་འབེབས་བྱུང་ཡོད་པ་རེད། དེ་རིང་གི་ང་ཚོའི་བོད་དང་རྒྱལ་སྤྱིའི་གནས་བབ་ཞེས་པའི་ལེ་ཚན་ནང་། དེ་དང་འབྲེལ་བའི་གནས་ཚུལ་གྱི་སྐོར་ལས་རིམ་གཙོ་སྐྱོང་བ་ཀརྨ་རྒྱ་མཚོ་ལགས་ཀྱིས་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་དང་ལྷན་དུ་གླེང་མོལ་ཞུས་པར་གསན་རོགས།།