འོད་ཟེར་ལགས་སུ་ཕྱིར་བསྐྱོད་ལག་ཁྱེར་སྤྲོད་མེད་པ།

དེ་རིང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་༢༠༡༣ ལོའི་རྒྱལ་སྤྱིའི་བུད་མེད་སྙིང་སྟོབས་ཅན་གྱི་གཟེངས་རྟགས་དེ་འོད་ཟེར་ལགས་སུ་འབུལ་རྒྱུ་ཡིན་པར་བརྟེན་རྒྱ་གཞུང་གིས་ཁོང་ལ་དམ་བསྒྲགས་བྱེད་བཞིན་ཡོད་པ།

འོད་ཟེར། འོད་ཟེར།

༄༅༎རྒྱ་ནག་གཞུང་གིས་སྙན་གྲགས་ཅན་གྱི་བོད་པའི་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་སུ། ཨ་རིའི་ནང་རྒྱལ་སྤྱིའི་བུད་མེད་སྙིང་སྟོབས་ཅན་གྱི་གཟེངས་རྟགས་བཞེས་པར་ཕེབས་རྒྱུའི་ཕྱིར་བསྐྱོད་ལག་ཁྱེར་སྤྲོད་མེད་པ་མ་ཟད། ཁོང་ལ་ལྟ་ཞིབ་བྱེད་མཁན་ཉེན་རྟོག་པ་བཞག་ནས་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པའི་སྐོར། འོད་ཟེར་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་ངོ་སྤྲོད་གནང་བར་གསན་རོགས་ཞུ༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org