གུ་གལ་དྲ་བ་དང་རྒྱ་ནག་གཞུང༌།
2010.03.25
༄༅༎ཐེངས་འདིའི་ཨ་མེ་རི་ཀའི་ཕྱི་སྲིད་ལ་བལྟ་ཞིབ་ཅེས་པའི་ལེ་ཚན་གྱི་ནང་དུ་ཨ་མེ་རི་ཀའི་དྲྭ་རྒྱའི་འཚོལ་བཤེར་ཁེ་གཉེར་ཁང་གུ་གལ་རྒྱ་ནག་གཞུང་གི་བཙན་བཤེད་མ་བཟོད་པར་རྒྱ་ནག་ནས་ཕྱིར་འཐེན་བྱས་པ་ཡོད་དེས་ཨ་རི་དང་རྒྱ་ནག་དབར་གྱི་ཚོང་འབྲེལ་གཙོས་པའི་འབྲེལ་ལམ་འགྱུར་ལྡོག་ཇི་ཡོང་སྐོར་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས་དང་།བོད་རང་བཙན་ཆེད་ཀྱི་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་གཉིས་དང་ལས་རིམ་གཙོ་སྐྱོང་བ་ཀརྨ་རྒྱ་མཚོ་ལགས་དབར་གླེང་མོལ་གནང་བ་ཞིག་གསན་རོགས༎