ཚོགས་པ་ཁག་གིས་༸གོང་ས་མཆོག་ལ་སྙན་ཞུ་ཕུལ་བ།

གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བཅུ་ཙམ་གྱིས་༸གོང་ས་མཆོག་ལ་བགྲེལ་ཡོལ་དུ་མ་ཕེབས་རོགས་ཞེས་པའི་སྙན་ཞུ་ཞིག་ཕུལ་ཡོད་པ།

གསར་འགྱུར་ལ་གསན་རོགས།

༄༅༎ཉེ་ཆར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་གསར་འགྱུར་རྒྱུད་ལམ་སི་ཨེན་ཨེན་ཨའི་རྦི་ཨེན་ཞེས་པའི་བཅར་འདྲིའི་ལས་རིམ་ཐོག་ བགྲེལ་ཡོལ་དུ་ཕེབས་རྒྱུའི་ཐུགས་འདོད་ཡོད་པའི་སྐོར་བཀའ་གནང་བར་བརྟེན། ཟླ་འདིའི་ཕྱི་ཚེས་བརྒྱད་ཀྱི་ཉིན་བཞུགས་སྒར་དུ་རྟེན་གཞི་བྱེད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བཅུ་ཙམ་མཉམ་འབྲེལ་གྱི་ཐོག་ནས། ༸གོང་ས་མཆོག་གིས་བགྲེལ་ཡོད་དུ་ཕེབས་རྒྱུའི་དགོངས་པ་མ་བཞེས་རོགས་ཞེས་པའི་སྙན་ཞུ་ཞིག་ཕུལ་ཡོད་པའི་སྐོར། འདི་གའི་གསར་འགོད་པ་རྡོ་གཅོད་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org