བླང་དོར་གྱི་བཀའ་སློབ།
2009.11.14

ཨེ་ཨེཕ་པི།
![]() |
གསར་འགྱུར་ལ་གསན་རོགས། |
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྟ་དབང་དང་སྡི་རང་ནང་གི་མཛད་འཆར་ཁག་ལེགས་པར་གྲུབ་གནང་བའི་རྗེས།ཕྱི་ཚེས་བཅུ་གསུམ་རེས་གཟའ་པ་སངས་ཀྱི་ཉིན་འབུམ་སྡེ་ལར་ཞབས་སོར་འཁོད་གནང་ཡོད་པ་དང།ཉིན་རྒྱབ་དགེ་རྩ་རབ་རྒྱས་གླིང་དགོན་པའི་ནང་ཆིབས་བསྒྱུར་བསྐྱངས་གནང་སྟེ།ས་གནས་བོད་མི་ཆིག་སྟོང་ལྷག་ལ་བླང་དོར་གྱི་བཀའ་སློབ་བསྩལ་གནང་མཛད་ཡོད་པའི་སྐོར།འདི་གའི་ཆེད་གཏོང་གསར་འགོད་པ་དཀར་མཛེས་བསོད་ནམས་དབང་འདུས་ལགས་ཀྱིས།འབུམ་སྡེ་ལ་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས༎