རྒྱ་ནག་དམག་མིས་བོད་ནང་རྡུང་རྡེག་ལས་འགུལ་སྤེལ་བཞིན་པ།
2010.03.05
![]() |
གསར་འགྱུར་ལ་གསན་རོགས། |
༄༅༎ཕྱི་ཚེས་གསུམ་རེས་གཟའ་ལྷག་པའི་ཉིན།བཞུགས་སྒར་དུ་རྟེན་གཞི་བྱེད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང།དེང་སྐབས་སུམ་བཅུ་དུས་དྲན་ཉེ་བར་བརྟེན་བོད་ནང་ཞི་རྒོལ་ཡོང་བའི་སྔོན་འགོག་ཆེད།རྒྱ་ནག་གཞུང་གིས་ཟླ་འདིའི་ཕྱི་ཚེས་གཉིས་ནས་བོད་ཀྱི་རྒྱལ་ས་ལྷ་སའི་གཙོས་རྫོང་ཁག་མང་པོ་ཞིག་གི་ནང་རྡུང་རྡེག་གི་ལས་འགུལ་སྤེལ་འགོ་བཙུགས་ཡོད་པའི་སྐོར།འདི་གའི་གསར་འགོད་པ་རྡོ་གཅོད་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས༎