སྤྱོད་འཇུག་དང་སྒོམ་རིམ་བར་མ།

༸གོང་ས་མཆོག་ནས་གནས་མཆོག་ལྦྭ་རྰ་ན་སིར་དད་ལྡན་མི་མང་ཚོར་སྤྱོད་འཇུག་དང་སྒོམ་རིམ་བར་མའི་བཀའ་ཆོས།

༸གོང་ས་མཆོག་ནས་གནས་མཆོག་ལྦྭ་རྰ་ན་སིར་དད་ལྡན་མི་མང་ཚོར་བཀའ་ཆོས་སྩོལ་བཞིན་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། འཇིགས་མེད་སྙན་གྲགས།

གསར་འགྱུར་ལ་གསན་རོགས།

༄༅༎ཕྱི་ལོ་ཉིས་སྟོང་བཅུ་གཅིག་ཟླ་དང་པོའི་ཚེས་བཅུ་གཉིས་ཀྱི་ཉིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། གནས་མཆོག་ལྦ་རྰ་ན་སི་ལྦ་ན་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་དུས་འཁོར་ཐང་ཆེན་དུ། དད་ལྡན་མི་མང་ཁྲི་གསུམ་བརྒལ་བར་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་དང་། སློབ་དཔོན་ཀ་མ་ལ་སི་ལས་མཛད་པའི་སྒོམ་རིམ་བར་པའི་བཀའ་ཆོས་དབུ་བཙུགས་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་ཇོ་ལེབས་ཆོས་འཕེལ་ལགས་ཀྱིས་ས་གནས་ས་ཐོག་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org