བོད་མི་ཚོར་ངལ་རྩོལ་གྱི་བསྐུལ་མ་གནང་བའི་ནང་འགྲོ་མིན་ཐད་གདམ་ཀ་ཡོད་མེད།

རྒྱལ་ཚོགས་ཀྱི་སྐུ་ཚབ་ནས་རྒྱ་ནག་དཔོན་རིགས་ལ་བོད་ནང་ལག་རྩལ་སྦྱོང་བརྡར་ཟེར་བའི་འོག་བོད་མི་ཚོར་ངལ་རྩོལ་བསྐུལ་བའི་གནད་དོན་ཐད་ཐུགས་འཚབ་ཡོད་པ་གསུངས་འདུག

རོཡ་ཊརས།

རྒྱལ་ཚོགས་ཀྱི་ཆེད་ལས་རྟོག་ཞིབ་སྐུ་ཚབ་དྲུག་གིས་རྒྱ་ནག་དཔོན་རིགས་ལ་བོད་ནང་ལག་རྩལ་སྦྱོང་བརྡར་ཟེར་བའི་འོག་བོད་མི་ཚོར་ངལ་རྩོལ་བསྐུལ་བའི་གནད་དོན་ཐད་ཐུགས་འཚབ་ཡོད་པ་ཕྱི་ཟླ་ ༤ ཚེས་ ༢༧ ཉིན་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ནང་བཀོད་འདུག་ཅིང་།  བསྒྲགས་གཏམ་འདིའི་ནང་ལས་རྩོལ་གྱི་ཆེད་གནས་སྤོ་དང་ལག་རྩལ་སྦྱོང་བརྡར་གྱི་མིང་ཐོག་ནས་བོད་མིའི་ཆོས་དང་རིག་གཞུང་།  སྐད་ཡིག་བཅས་པར་ཉམས་དམས་གཏོང་གི་ཡོད་པའི་སྐོར་གླེང་འདུག་པས།  བདུན་རེའི་དཔྱད་བརྗོད་གླེང་སྟེགས་ཀྱི་ལས་རིམ་ནང་། བཀྲིས་དབང་ཕྱུག་ལགས་དང་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་བོད་མི་ཚོར་ངལ་རྩོལ་གྱི་བསྐུལ་མ་གནང་བའི་ནང་འགྲོ་མིན་ཐད་གདམ་ཀ་ཡོད་མེད་སོགས་ཀྱི་ཐད་དཔྱད་གཞིའི་གླེང་མོལ་ཞུས་པར་གསན་རོགས་གནང་།

གསར་འགོད་པ། བཀྲིས་དབང་ཕྱུག བསྟན་འཛིན་བདེ་སྐྱིད།

རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org