ལྕམ་ས་ར་ས་ཝལ་མཆོག་ནས་༧གོང་ས་མཆོག་མཇལ་ཁ་ཞུས་ཡོད་པ།

དེ་རིང་ཕྱི་ཚེས་༡༦ཉིན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ས་ར་སི་ཝལ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་ཡོད་པ།

༢༠༡༦།༠༡།༡༦། ཨ་རི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ས་ར་སི་ཝལ་ནས་༧གོང་ས་མཆོག་མཇལ་ཁ་ཞུས་ཡོད་པ། ལྕམ་ས་ར་སི་ཝལ།

༄༅། །ཨ་རི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ས་ར་སི་ཝལ་གཙོས་ཨི་གཞུང་འབྲེལ་གནད་ཡོད་མི་སྣ་བརྒྱད་ཙམ་ལས་གྲུབ་པའི་སྐུ་ཚབ་ཚོགས་པ་ཞིག་ཟླ་བ་འདིའི་ཕྱི་ཚེས་༡༥དང་༡༦བཅས་ཉིན་གྲངས་གཉིས་རིང་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་གནང་ཡོད་པ་དང༌། དེ་རིང་ཉིན་གཉིས་པ་ཕྱི་ཚེས་༡༦ཉིན་བོད་མི་ཡོངས་ཀྱི་མགོན་སྐྱབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་ཡོད་པ་དང་། དེ་བཞིན་བོད་རིགས་གཞོན་སྐྱེས་ཁག་གཅིག་དང་ལྷན་དུ་ཐུག་འཕྲད་ཀྱིས་བོད་དོན་ཆབ་སྲིད་སྐོར་གླེང་མོལ་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་བཞུགས་སྒར་རྡ་རམ་ས་ལ་ནས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎

གསར་འགོད་པ་བསྟནའཛིན་དབང་རྒྱལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org