མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཆེད་ལས་རྟོག་ཞིབ་སྐུ་ཚབ་དྲུག་གིས་རྒྱ་ནག་གཞུང་ལ་དགོས་འདུན།

བོད་ནང་དུ་ངལ་རྩོལ་བ་རྣམས་བཙན་ཤེད་ཀྱིས་སྤོ་བཞུད་བྱེད་བཞིན་ཡོད་པའི་གྲངས་འབོར་དང་ས་གནས་གང་དུ་སྤོ་བཞུད་བྱེད་མིན་གྱི་གྲངས་འབོར་དང་གནས་སྟངས་གསལ་བའི་གསལ་བཤད་དགོས་པའི་དགོས་འདུན་བཏོན་པ།

སྒྲིག་བཟོ།

མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཆེད་ལས་རྟོག་ཞིབ་སྐུ་ཚབ་དྲུག་གིས་རྒྱ་ནག་གཞུང་ལ་ཕྱག་བྲིས་གནང་སྟེ།  བོད་ནང་དུ་ངལ་རྩོལ་བ་རྣམས་བཙན་ཤེད་ཀྱིས་སྤོ་བཞུད་བྱེད་བཞིན་ཡོད་པའི་གྲངས་འབོར་དང་ས་གནས་གང་དུ་སྤོ་བཞུད་བྱེད་མིན་གྱི་གྲངས་འབོར་དང་གནས་སྟངས་གསལ་བའི་གསལ་བཤད་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།  ཐེངས་འདིའི་དཔྱད་བརྗོད་གླེང་སྟེགས་ཀྱི་ལས་རིམ་ནང་།  འདི་ལྟའི་རྒྱལ་ཚོགས་ཀྱི་ཆེད་ལས་རྟོག་ཞིབ་སྐུ་ཚབ་ཐུན་མོང་གིས་བཏང་པའི་ཡིག་འབྲེལ་དང་དེའི་ནང་རྒྱ་ནག་གཞུང་གི་སྟངས་འཛིན་འོག་བོད་མིའི་གནས་སྟངས་སྐྱོ་པོ་ཇི་ལྟར་ཡོད་མེད་ཐད་བཀྲིས་དབང་ཕྱུག་ལགས་དང་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།

གསར་འགོད་པ། བཀྲིས་དབང་ཕྱུག བསྟན་འཛིན་བདེ་སྐྱིད།

རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།

དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org