མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་ལས་མི་སྣས་བོད་ནང་གི་གནས་སྟངས་ལ་ཐུགས་འཚབས་ཆེན་པོ་ཡོད་པ་གསུངས་བ།

རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་ཆོས་དང་རིག་གཞུང་ངོ་བོ་སོགས་རྩ་མེད་བཟོ་ཐབས་བྱེད་པ་ནི་དངོས་ཡོད་ཡིན་པ་གསལ་བསྒྲགས་གནང་ཡོད་པ།

སུད་སིའི་སྐུ་ཚབ་དོན་གཅོད་ལས་ཁང་གི་མཉམ་འབྲེལ་རྒྱལ་ཚོགས་སུ་འབྲེལ་མཐུད་གནང་མཁན་སྐལ་ལྡན་མཚོ་མོ། སྐལ་ལྡན་མཚོ་མོ།

མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང། གྲངས་ཉུང་མི་རིགས་ཀྱི་གནད་དོན་སོགས་ཀྱི་ཐད་ཆེས་ལས་མི་སྣ་བཞིས་ཐོུང་གི་ཐོག་ནས། རྒྱ་ནག་གཞུང་ལ་བོད་ནང་གི་གནད་དོན་དང་འབྲེལ་བའི་སྐོར་འདྲི་རྩད་གནང་སྟེ་ཁ་ས་ཕྱི་ཚེས་༡༡་ཉིན་ཟླ་བ་གཉིས་ཧྲིལ་པོ་འཁོར་བ་དང་དུས་མཚུངས་གོང་ཞུས་ཆེད་ལས་མི་སྣ་བཞི་ཡིས་གནད་དོན་དེ་ཡོངས་ཁྱབ་ཕྱིར་བསྒྲགས་གནང་ཡོད་པའི་སྐོར་དབྱངས་སྒྲོལ་ལགས་ཀྱིས་འབྲེལ་ཡོད་མི་སྣར་གནས་འདྲི་ཞུས་ཏེ་ཕྱོགས་སྒྲིགས་དང་སྙན་སྒྲོན་ཞུས་པར་གསནརོགས་ཞུ།།
གསར་འགོད་པ། དབྱངས་སྒྲོལ།
རྩོམ་སྒྲིག་པ། ཪིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org