བོད་ཀྱི་ཁོར་ཡུག་ཉམས་ཞིབ་པས་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་ཀྱི་ཚོགས་ཆེན་ཐེངས་༢༧པའི་ཐོག་ཕེབས་ཞུགས་གནང་བ།

བོད་ལ་འཕྲད་བཞིན་པའི་ཉེན་འགན་ཁག་གཉིས་ཏེ་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་དང་རྒྱ་ནག་གཞུང་གིས་བོད་ནང་སྡུག་རྩུབ་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་བཅས་ཀྱི་ཐད་ཞུ་གཏུགས་གནང་བཞིན་ཡོད་པ་རེད།

ངོ་དེབ།

བོད་ཀྱི་ཁོར་ཡུག་ཉམས་ཞིབ་པ་དང་ལས་འགུལ་བ་ཁག་ཅིག་ལས་གྲུབ་པའི་སྐུ་ཚབ་འཚོ་ཁག་གིས་ཨིཇིཔཊི་ཏུ་ཚོགས་བཞིན་པའི་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ཚོགས་ཆེན་ཐེངས་ ༢༧ པའི་ཐོག་ཕེབས་ཞུགས་གནང་སྟེ།  བོད་ལ་འཕྲད་བཞིན་པའི་ཉེན་འགན་ཁག་གཉིས་ཏེ་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་དང་རྒྱ་ནག་གཞུང་གིས་བོད་ནང་སྡུག་རྩུབ་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་བཅས་ཀྱི་ཐད་ཞུ་གཏུགས་གནང་བཞིན་ཡོད་པ་རེད། ཐེངས་འདིའི་བདུན་རེའི་དཔྱད་བརྗོད་ཀྱི་གླེང་སྟེགས་ལས་རིམ་ནང་། བོད་ཀྱི་གནོད་བཅུད་ཀྱི་གལ་གནད་དང་བོད་ནང་དུ་གནམ་གཤིས་ཀྱིས་གཙོས་ཁོར་ཡུག་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པར་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་ཀྱི་ཡོད་པ་ལྟར། བཀྲིས་དབང་ཕྱུག་ལགས་དང་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་དཔྱད་གཞིའི་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org