དྲུག་བཞིའི་དོན་རྐྱེན་ལ་དྲན་གསོའི་ལས་འགུལ་སྣ་ཚོགས་སྤེལ་རྒྱུ།

རྒྱ་ནག་གཞུང་གིས་མང་གཙོ་དོན་གཉེར་ཅན་ཚོར་དམ་དྲག་བཀག་སྡོམ་ནན་པོ་བྱེད་བཞིན་པ་དང་དུས་མཚུངས་ཐེ་ཝན་ནང་དྲུག་བཞིའི་དོན་རྐྱེན་དེར་དྲན་གསོའི་ལས་འགུལ་སྣ་ཚོགས་སྤེལ་གྱི་ཡོད་པ།

ཧོང་ཀོང་ནང་དྲུག་བཞིའི་དོན་རྐྱེན་ལ་དྲན་གསོའི་ལས་འགུལ། ༢༠༢༡ ཨེ་ཨེཕ་པི།

རྒྱ་ནག་དང་ཧོང་ཀོང་ཐེ་ཝན་གྱི་ལེ་ཚན་ནང་།  ༡༩༨༩ལོའི་པེ་ཅིན་གནམ་སྡེ་སྒོ་མོའི་ཐང་ཆེན་གྱི་མང་གཙོའི་ལས་འགུལ་ལ་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ནས་ལོ་ངོ་༣༣འཁོར་བའི་དུས་དྲན་གྱི་གཡས་གཡོན་དུ་རྒྱ་ནག་གཞུང་གིས་མང་གཙོ་དོན་གཉེར་ཅན་ཚོར་དམ་དྲག་བཀག་སྡོམ་ནན་པོ་བྱེད་བཞིན་པ་དང་དུས་མཚུངས་ཐེ་ཝན་ནང་དྲུག་བཞིའི་དོན་རྐྱེན་དེར་དྲན་གསོའི་ལས་འགུལ་སྣ་ཚོགས་སྤེལ་གྱི་ཡོད་པའི་སྐོར་འཆི་མེད་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པ་ཞིག་སྙན་སྒྲོན་ཞུས་གནང་གི་རེད། 

གསར་འགོད་པ། འཆི་མེད།

རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།

དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org