ལོ་རྒྱུས་སྟེང་གི་ཐེ་ཝན་དང་། ཐེ་ཝན་གྱི་བདག་དབང་སུ་ལ་གཏོགས་མིན།
རྒྱ་ནག་དམར་ཤོག་གཞུང་གིས་མཁའ་མཚོ་གཉིས་ཀའི་ལམ་ནས་ཐེ་ཝན་ལ་འཇིགས་སྣང་བསྐུལ་དང་སྐུལ་བཞིན་པ།
- 2021-11-12
-
-
-
ཨེ་ཨེཕ་པི།
Your browser doesn’t support HTML5 audio
༄༅།། ཐེངས་འདིའི་གངས་ལྗོངས་གླེང་སྟེགས་ཀྱི་སྐབས་སུ་བབ་པའི་གླེང་བྱ་ནི། རྒྱ་ནག་དམར་ཤོག་གཞུང་གིས་མཁའ་མཚོ་གཉིས་ཀའི་ལམ་ནས་ཐེ་ཝན་ལ་འཇིགས་སྣང་བསྐུལ་དང་སྐུལ་བཞིན་པའི་སྐབས་འདིར། ལོ་རྒྱུས་སྟེང་གི་ཐེ་ཝན་དང་། ཐེ་ཝན་གྱི་བདག་དབང་སུ་ལ་གཏོགས་མིན། དེ་ནས་དེ་རིང་གི་ཐེ་ཝན་ལ་འཛོམས་པའི་དམིགས་བསལ་ཁྱད་ཆོས་དང་རིན་ཐང་། གོ་ས། ཐེ་ཝན་གླིང་ཕྲན་དེ་ཨ་རི་དང་རྒྱ་ནག་དབར་གྱི་རྩོད་གཞིར་གྱུར་དོན། བོད་དོན་དང་ཐེ་ཝན་དབར་གྱི་འབྲེལ་བ་སོགས་ཀྱི་སྐོར། ཐེ་ཝན་གྱི་འདས་མ་ད་གསུམ་ལ་ཞིབ་འཇུག་གནང་མྱོང་བའི་སྐུ་ཞབས་ལྷ་སྡེ་གནམ་ལོ་ཡག་དང་མཉམ་དུ་བགྲོ་གླེང་བྱེད་རྒྱུ་ཡིན།
གསར་འགོད་པ། སྟག་ལྷ་རྒྱལ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།