Xizang ཞེས་པའི་ཚབ་ལ་Tibet ཞེས་པའི་ཐ་སྙད་དེ་འགྲེམས་སྟོན་ཁང་ནང་མ་བཅུག་བར་དུ་ཚོགས་པ་དྲུག་གི་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་འདུག
ཕ་རི་སིའི་འགྲེམས་སྟོན་ཁང་གཉིས་ནང་བོད་དང་འབྲེལ་བའི་ཅ་དངོས་ཐོག་Xizang ཞེས་བཤམས་སྟོན་བྱས་པར་དེ་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་དྲིལ་བསྒྲགས་ཀྱི་དགོས་མཁོ་དང་རྒྱ་ནག་གི་གནོད་ཤུགས་འོག་ལ་རྗེས་སུ་འབྲང་བ་ཞིག་ཡིན་མིན་སྐོར།
- 2024-10-14
-
-
-
Your browser doesn’t support HTML5 audio
རྒྱ་ནག་དང་ཕ་རི་སིའི་དབར་འདི་ལོ་ཕྱི་སྲིད་ཀྱི་འབྲེལ་ལམ་བཙུགས་ནས་ལོ་དྲུག་ཅུ་འཁོར་བའི་བྱེད་སྒོ་སྣ་གྲངས་མང་པོ་ཞིག་སྤེལ་གྱི་ཡོད་པ་དང་།དེའི་སྐབས་དེར་བོད་དང་འབྲེལ་བའི་རྒྱ་ནག་གི་ཅ་དངོས་མང་པོ་ཞིག་ཉེ་ལམ་ཧྥ་རན་སིའི་རྒྱལ་ས་པ་རི་སེའི་འགྲེམས་སྟོན་ཁང་ ( Musée Quai Branly ) དང་དེ་བཞིན་གྷུའི་མེཊི་ (musée Guimet) འགྲེམས་སྟོན་ཁང་གཉིས་ཀྱིས་བཤམས་སྟོན་བྱས་པ་རེད་།ལས་གཞི་དེའི་ཁྲོད་དཔལ་འབྱོར་གྱི་འགྲོ་གྲོན་གང་འཚམས་ཤིག་རྒྱ་ནག་གིས་སྦྱིན་བདག་ཀྱང་བྱེད་ཡོད་འདུག།དེར་བརྟེན་ཅ་དངོས་དེ་དག་གི་ཁ་བྱང་ཐོག་Xizang ཞེས་གཏན་འབེབས་བྱེད་ཡ་དེ་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་དྲིལ་བསྒྲགས་ཀྱི་དགོས་མཁོ་དང་འདོད་པ་ལྟར་རྗེས་སུ་འབྲང་བ་དང་རྒྱ་ནག་གི་གནོད་ཤུགས་འོག་ལ་འགོ་བསྒུར་འདུག་ཅེས་།ཕ་རི་སི་བོད་དོན་རྒྱབ་སྐྱོར་བ་ཚོས་ཕ་རི་སའི་ཚགས་ཤོག་སྟེང་གནས་ཚུལ་བཀོད་སྤེལ་རྗེས་།ཕ་རི་སི་བོད་རིགས་ཚོགས་པ་དྲུག་གིས་ངོ་རྒོལ་བྱས་འདུག་།གནད་དོན་དེ་སོ་སོའི་མི་རིགས་ཀྱི་ངོ་བོ་རྒྱུན་གནས་ཀྱི་ཆེད་དང་རྩ་དོན་ལ་ཐུག་ཡོད་སྟབས་ལས་དོན་མ་འགྲུབ་ཀྱི་བར་དུ་ཤུགས་རྒྱག་ནས་Tibet ཞེས་པའི་ཐ་སྙད་དེ་འགྲེམས་སྟོན་ཁང་ནང་མ་བཅུག་བར་དུ་ཚོགས་པ་དྲུག་གི་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་སྐོར་བརྗོད་བྱུང།ཞིབ་ཕྲ་དེ་རིང་ཁ་བའི་་གྲོས་རྭ་ལེ་ཚན་ནང་བོད་མི་དམངས་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་རྒྱལ་མཚོ་ལགས་དང་།ཕ་རི་སི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱུན་ལས་དང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ནུབ་ཡུབ་རོ་ཀྱི་རྒྱུད་ལས་བསྟན་ནམས་ལགས་རྣམ་པ་གཉིས་གདན་ཞུས་ཀྱིས་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་བཅའ་འདྲི་བྱས་པ་ཉན་རོགས་ཞུ།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།