བལ་ཡུལ་གློ་སྨད་ཁུལ་དུ་བསླེབས་པའི་མཐོང་ཐོས་མྱོང་གསུམ་གྱི་སྐོར་གླེང་བ།
བལ་ཡུལ་གློ་སྨད་ཁུལ་དུ་ལམ་བར་ཆུ་ཚོད་༧ཙམ་གྱི་འགྲུལ་བཞུད་ཀྱིས་སྐལ་བཟང་སྦུག་མ་སླེབས་ལམ་བར་དུ་མཐོང་ཐོས་མྱོང་གསུམ་གྱི་སྐོར།
- 2024-12-04
-
-
-
Your browser doesn’t support HTML5 audio
སྤྱི་ཟླ་༡༡པའི་ཟླ་མཇུག་ཙམ་འདི་གར་རླུང་འཕྲིན་ཁང་གི་གསར་འགོད་པ་རུ་ཁག་གཅིག་གློ་སྨད་ཁུལ་དུ་ལས་དོན་ཞིག་གི་ཆེད་དུ་བསྐྱོད་།དེའི་སྐབས་བལ་ཡུལ་པོ་ཀེ་ར་དཔལ་འབྱོར་གླེང་གཞིས་ཆགས་སུ་གནས་བསྡོད་ཀརྨ་བསམ་གཏན་ལགས་ང་ཚོའི་ཡུལ་སྐོར་སྣེ་ཤན་པ་དང་ཁ་ལོ་བ་གཅིག་ལྕོག་གི་ཞབས་ཞུ་གང་ལེགས་བསྒྲུབས་གནང་སོང་། ཁོང་ནི་སྣེ་ཤན་པ་དང་ཁ་ལོ་བའི་ལས་དོན་ལ་ཞུགས་ནས་མི་ལོ་བཅུ་གྲངས་ཙམ་འགྲོ་ཡོད་ཅིང་། ཕྱི་རྒྱལ་ཁབ་འདྲ་མིན་དང་བོད་དང་ཧེ་མ་ལ་ཡི་རི་བརྒྱུད་ཀྱི་མི་རིགས་བལ་ཡུལ་དུ་གནས་མཇལ་དང་བལྟ་སྐོར་སོགས་ལ་ཕེབས་དུས་སྣེ་ཤན་ཞབས་ཞུ་སྤུས་དག་ཞུ་མཁན་ཞིག་རེད་འདུག །མ་ཟད་ཁོང་ནི་བོད་དོན་ལ་ཐུགས་སྣང་དང་གོ་རྟོགས་ལེགས་པོ་ཡོད་མཁན་གྱི་ཕོ་གསར་གྲུང་ཤ་དོད་པོ་ཞིག་དང་། ལྷག་པར་དུ་ཁོང་ནི་ས་གནས་སུ་རྒྱུས་ཡོད་དང་ཡུལ་སྐད་ལ་བྱང་ཆ་ཡོད་པ་། བལ་ཡུལ་གྱི་ས་མཚམས་དམ་བསྒྲགས་ཡོད་པའི་ས་ཁུལ་ཁག་དུ་བསྐྱོད་སྐབས་དམིགས་བསལ་ཡིག་ཆ་བཟོ་དགོས་རིགས་ཀྱི་མཐུན་འགྱུར་གང་ལེགས་མཁོ་སྤྲོད་གནང་ཐུབ་པ་སོགས། བོད་མི་སྐྱབས་བཅོལ་བའི་བལ་ཡུལ་ནང་གི་ཆེས་དཀོན་པའི་སྣེ་ཤེན་པའི་ཆེད་ལས་དང་ཁ་ལོ་བ་གཅིག་ལྕོག་ཞིག་རེད་འདུག །དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་དེའི་ནང་ང་ཚོ་གསར་འགོད་པ་ཁག་ཅིག་བལ་ཡུལ་གློ་སྨད་ཁུལ་དུ་ལམ་བར་ཆུ་ཚོད་༧ཙམ་གྱི་འགྲུལ་བཞུད་ཀྱིས་སྐལ་བཟང་སྦུག་མ་སླེབས་ལམ་བར་དུ་མཐོང་ཐོས་མྱོང་གསུམ་གྱི་སྐོར་དང་འབྲེལ་སྣེ་ཤན་པ་ཀརྨ་བསམ་གཏན་དང་ལྷན་ཁ་བརྡ་བྱས་པའི་ལེ་ཚན་དེ་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་ཕྱོགས་བསྒྲིགས་བྱས་པ་དེ་གསན་རོགས་ཞུ།
གསར་འགོད་པ་དང་རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།