སོག་པོའི་སྐད་ཡིག་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལ་ངོ་རྒོལ་གི་ལས་འགུལ།

ཨ་མེ་རི་ཁའི་གཞུང་མང་གཉིས་ཀྱིས་ནང་སོག་གི་ངོ་བོ་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་གནང་བ།

རྒྱ་ནག་གཞུང་ནས་སོག་པོའི་སྐད་ཡིག་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལ་ངོ་རྒོལ་གི་ལས་འགུལ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན། བསྟན་འཛིན་བདེ་སྐྱིད།

ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ཁུལ་དུ་གནས་སྡོད་སོག་པོ་མི་རིགས་ཀྱི་ཚོགས་པའི་གོ་སྒྲིག་འོག་སོག་པོ་མང་པོ་ཞིག་རྒྱ་ནག་གཞུང་གཞུང་ཚབ་ཁང་གི་མདུན་དུ་འདུ་འཛོམས་གནང་སྟེ་རྒྱ་ནག་གཞུང་གིས་ནང་སོག་ནང་སོག་པོའི་སྐད་ཡིག་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལ་ངོ་རྒོལ་གི་ལས་འགུལ་སྤེལ་གནང་བ་དང་ཆབས་ཅིག་ཨ་མེ་རི་ཁའི་གཞུང་མང་གཉིས་ཀྱིས་ནང་སོག་གི་ངོ་བོ་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་གནང་བ་སོགས་ཀྱི་སྐོར་ཆེད་གཉེར་གསར་འགོད་པ་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་གནས་ཚུལ་སྙན་སྒྲོན་གནང་བར་གསན་རོགས།

RFA logo
2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org