ལོན་ཌོན་གྲོང་སྡེ་ལྷན་ཚོགས་ནས་ལོ་ལྟར་གསུམ་བཅུའི་དུས་དྲན་ཉིན་བོད་ཀྱི་རྒྱལ་དར་བསྒྲེང་རྒྱུ།

བོད་མི་དང་རྒྱ་མི་རིགས་མཉམ་སྦྲེལ་གྱི་ཐོག་ནས་རྒྱ་ནག་དམར་པོའི་གཞུང་ལ་གདོང་ལེན་ཁ་གཏད་གཅོག་དགོས།

དབྱིན་ཡུལ་བོད་རིགས་ཚོགས་པའི་ངོ་དེབ།

ཉེ་ལམ་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སྲུང་བརྩིའི་མཛད་སྒོའི་ཐོག རྒྱ་རིགས་དམངས་གཙོ་དོན་གཉེར་བ་Dr. Shao Jaing ལགས་ཀྱིས་བོད་མི་དང་རྒྱ་མི་རིགས་མཉམ་སྦྲེལ་གྱི་ཐོག་ནས་རྒྱ་ནག་དམར་པོའི་གཞུང་ལ་གདོང་ལེན་ཁ་གཏད་གཅོག་དགོས་པའི་གཏམ་བཤད་སྤེལ་ཡོད་པ་དང་། དེ་བཞིན་ལོན་ཌོན་གྱི་གྲོང་སྡེ་ལྷན་ཚོགས་ནས་གསུམ་བཅུའི་དུས་དྲན་ཉིན་ལོ་ལྟར་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་རྒྱུའི་ཐག་གཅོད་གནང་པ་བཅས་ཀྱི་སྐོར་འདི་གའི་ལས་བྱེད་དོན་གྲུབ་རྣམ་རྒྱལ་ལགས་ཀྱིས་བཅར་འདྲི་ཕྱོགས་བསྒྲིགས་ཞུས་པ་གསན་རོགས་གནང་།

གསར་འགོད་པ། དོན་གྲུབ་རྣམ་རྒྱལ།

རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།

དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org