ཁོར་ཡུག་སྲུང་སྐྱོབས་པ་ཤྲི་སུན་དྷར་ལཱལ་བྷཧུ་གྷུན་ན་མཆོག་དགོངས་པ་རྫོགས་པ།

ཁོར་ཡུག་སྲུང་སྐྱོབས་པ་ཤྲི་སུན་དྷར་ལཱལ་བྷཧུ་གྷུན་ན་མཆོག་དགུངས་གྲངས་༩༤ སྟེང་དགོངས་པ་རྫོགས་པར་༧གོང་ས་མཆོག་གིས་ཐུགས་གསོའི་གསུང་འཕྲིན་སྩལ་བ།

ཁོར་ཡུག་སྲུང་སྐྱོབས་པ་ཤྲི་སུན་དྷར་ལཱལ་བྷཧུ་གྷུན་ན་མཆོག་དགུངས་གྲངས་༩༤ སྟེང་དགོངས་པ་རྫོགས་པར་༧གོང་ས་མཆོག་གིས་ཐུགས་གསོའི་གསུང་འཕྲིན་སྩལ་བ། བློ་བཟང་དགེ་ལེགས།

ཁོར་ཡུག་སྲུང་སྐྱོབས་པ་གྲགས་ཅན་ཤྲི་སུན་དྷར་ལཱལ་བྷཧུ་གྷུན་ན་མཆོག་ཏོག་དབྱིབས་རིམས་ནད་ཀྱིས་རྐྱེན་པས་ཟླ་བ་༥ ཚེས་༢༡ ཉིན་ཨུཏར་ཁན་ཌི་ནང་དགོངས་པ་རྫོགས་ཡོད་པ་དང་། ཁོང་དགོངས་པ་རྫོགས་པར་༧གོང་ས་མཆོག་གིས་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་གནང་མཛད་ཡོད་ཅིང་། གསུང་འཕྲིན་ནང་དམ་པ་ཁོང་དགུངས་གྲངས་༩༤ སྟེང་དགོངས་པ་རྫོགས་པར་སྨོན་ལམ་དང་། ཁོང་གི་ནང་མི་དང་དགའ་ཉེ་རྣམས་ལ་ཐུགས་གསོ་ཞུ་གི་ཡིན་ཞེས་དང་། དམ་པ་ཁོང་གི་འཚེ་མེད་ཞི་བའི་ལྟ་གྲུབ་དང་། ཁོང་གི་མི་ཚེའི་ནང་ཁོར་ཡུག་སྲུང་སྐྱོབས་སོགས་རླབས་ཆེན་གྱི་བྱས་རྗེས་ཁག་ལ་ཡི་རངས་དང་བསྔགས་བརྗོད་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་པའི་སྐོར་འདི་གའི་གསར་འགོད་པ་བློ་བཟང་དགེ་ལེགས་ལགས་ཀྱིས་གནས་ཚུལ་ཕྱོགས་བསྡུས་ཞུས་པར་གསན་རོགས།།

གསར་འགོད་པ་བློ་བཟང་དགེ་ལེགས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org