ཉེ་ཆར་ཨ་རིའི་སྲིད་འཛིན་གཞོན་པས་རྒྱ་ནག་གི་སྲིད་ཇུས་ཐད་སྤེལ་བའི་གསུང་བཤད།

ཉེ་ལམ་ཨ་རིའི་སྲིད་འཛིན་གཞོན་པས་སྤེལ་བའི་རྒྱ་ནག་གི་སྲིད་ཇུས་ཐད་སྤེལ་བའི་གཏམ་བཤད་ཐད་མི་སྣ་ཁག་དང་ལྷན་དུ་བགྲོ་གླེང་ཞུས་པ།

༢༠༡༨།༡༠།༤།ཨ་རིའི་སྲིད་འཛིན་གཞོན་པ་མ་ཡིཀ་ པེན་སི་མཆོག་གིས་ཧཌ་སན་ལྟེ་གནས་ཁང་ནང་རྒྱ་ནག་གི་སྲུང་བྱུས་ཐད་གསུང་བཤད་གནང་བ། ཨེ་ཨེཕ་པི།

༄༅།། ཐེངས་འདིའི༼གངས་ལྗོངས་གླེང་སྟེགས༽ཀྱི་སྐབས་སུ་བབ་པའི་བགྲོ་བྱའི་གླེང་གཞི་ནི། ཉེ་ལམ་ཨ་རིའི་སྲིད་འཛིན་གཞོན་པས་སྤེལ་བའི་རྒྱ་ནག་གི་སྲིད་ཇུས་ཐད་ཀྱི་གཏམ་བཤད་དེའི་སྐོར། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དྲིལ་བསྒྲགས་ལས་ཁང་རྒྱ་ཡིག་སྡེ་ཚན་གྱི་རྩོམ་སྒྲིག་པ་ཟུར་བ་དང་། རྩོམ་པ་པོ། བོད་དོན་ཉམས་ཞིབ་པ་སྐུ་ཞབས་སངས་རྒྱས་སྐྱབས་ལགས་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་བདེ་སྲུང་ཉམས་ཞིབ་ལས་ཁང་གི་ཉམས་ཞིབ་པ་ཟུར་བ་དང་། རྩོམ་པ་པོ། བོད་དོན་ཉམས་ཞིབ་པ་ལྷ་སྡེ་གནམ་ལོ་ཡག་ལགས་བཅས་རྣམ་གཉིས་དང་ལྷན་དུ། ལས་ཚན་གཙོ་སྐྱོང་བ་སྟག་ལྷ་རྒྱལ་ལགས་ཀྱིས་བགྲོ་གློང་ཞུས་པར་གསན་རོགས་ཞུ༎
གསར་འགོད་པ་སྟག་ལྷ་རྒྱལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org