རྒྱ་ནག་ནས་ཏོག་དབྱིབས་ཀྱི་གནས་ཚུལ་སྦས་གསང་བྱས་པ་དེར་སྐྱོན་བརྗོད།
ཏོག་དབྱིབས་ནད་དུག་འབྱུང་ཁུངས་ཐད་ཞིབ་འཇུག་བྱེད་པར་བཀག་འགོག་སྟངས་འཛིན་བྱེད་པ་ནི་དོན་དངོས་ལ་སྐྲག་སྣང་བྱེད་བཞིན་པ་རེད་ཅེས་རྒྱ་ནག་གི་དཔོན་རིགས་ཟུར་པ་ཞིག་གིས་བརྗོད།
-
2020-04-25 -
-
-
རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་དུ་བསྐྱོད་སྐབས།
ཨེ་ཨེཕ་པི།
Your browser doesn’t support HTML5 audio
དེང་སྐབས་རྒྱལ་སྤྱིའི་ནང་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་འབུ་གསར་པའི་ནད་ཡམས་ཐོག་མར་རྒྱ་ནག་ནང་ཐོན་པའི་སྐབས་ནས་ཕྲལ་མར་འགོག་ཐབས་ལས་དོན་མ་སྤེལ་བར་ནད་ཡམས་ཁྱབ་གདལ་གནས་ཚུལ་སྦས་གསང་བྱས་པར་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་པའི་ཐོག་རྒྱ་ནག་གཞུང་གིས་ཕྱི་འབྲེལ་གྱི་མཁྲེགས་བཟུང་གི་ཐབས་ལམ་འཛིན་ནས་རྒྱལ་སྤྱིའི་སྐྱོན་བརྗོད་ཁག་ལ་རྒོལ་ལན་སློག་གི་ཡོད་པ་མ་ཟད་། རྒྱ་ནག་གི་འགོ་ཁྲིད་ཞིའི་ཅིན་ཕིང་གིས་ནད་ཡམས་ཀྱི་དཀའ་ངལ་དེ་བཞིན་མ་འོངས་རྒྱ་ནག་གི་གོ་སྐབས་ཤིག་ཡིན་ལུགས་ཀྱི་གཏམ་བཤད་བྱས་ཡོད་པ་རེད།