ཨ་རིའི་གྲགས་ཆེ་བའི་གསར་འགྱུར་ལས་ཁང་གི་དྲ་རྒྱའི་ཐོག་བོད་ནང་རྒྱ་ནག་གིས་བཙན་བཤེད་བྱེད་སྟངས་སྐོར་དཔྱད་གཏམ་སྤེལ་ཡོད་པ།

ཨ་རིའི་གྲགས་ཆེ་བའི་གསར་འགྱུར་ལས་ཁང་གི་དྲ་རྒྱ Newsweek ཞེས་པའི་ཐོག་བོད་ནང་རྒྱ་ནག་གིས་བཙན་བཤེད་བྱེད་སྟངས་སྐོར་གྱི་དཔྱད་གཏམ་ཞིག་སྤེལ་ཡོད་པ།

བློ་བཟང་ཚེ་བརྟན། བོད་རང་བཙན་སློབ་ཕྲུག་ཚོགས་པ།

ཨ་རིའི་གྲགས་ཆེ་བའི་NEWSWEEK ཞེས་པའི་ནང་རྒྱ་ནག་གཞུང་གིས་བོད་ནང་བཙན་བཤེད་ཀྱི་ཐོག་ནས་ཕྲུ་གུ་ཚོ་གཏན་འཇགས་སློབ་གྲྭའི་ནང་འགྲོ་བཅུག་སྟེ་བོད་པའི་མི་རབས་གསར་པ་ཚོ་གུང་བྲན་གྱི་ལྟ་གྲུབ་སློབ་གསོ་སྤྲོད་ཐབས་དང་། དེ་བཞིན་བོད་མིའི་རིགས་རྒྱུད་ཟུང་ཁྲག་DNA བསྡུ་ལེན་བྱེད་བཞིན་པ་སོགས་ཀྱི་ཐོག་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་པ་ལྕམ་Uzra Zeya མཆོག་གི་གཙོས་འབྲེལ་ཡོད་ཁག་ཅིག་ནས་དགོངས་ཚུལ་བཏོན་ཡོད་པའི་སྐོར། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འཆར་འགན་འཛིན་བློ་བཟང་ཚེ་བརྟན་ལགས་སུ་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་བཀའ་འདྲི་ཞུས་ཏེ་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། ཪིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org