རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པའི་སྐུལ་མ་གནང་ཡོད་པ།
རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཉམ་འབྲལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་གཞུང་ཁག་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པའི་སྐུལ་མ་གནང་ཡོད་པ།
- 2021-04-08
-
-
-
རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཞུ་གཏུག་དང་གཞུང་འཛིན་ལས་དོན་འགན་འཛིན་Joanne Lin.
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
Your browser doesn’t support HTML5 audio
རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་གསར་དུ་འདོན་སྤེལ་གནང་བའི་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་སྙན་ཐོ་དང་འབྲལ་ནས་ཚོགས་པ་དེའི་ཞུ་གཏུག་དང་གཞུང་འཛིན་ལས་དོན་ཚན་པའི་འགན་འཛིན་ Joanne Lin ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་གསར་དགོད་པ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་རྣམས་རང་དབང་ལྡན་པའི་ཐོག་ནས་བསྐྱོད་རྒྱུར་ཧ་ཅང་དམ་དྲག་ཆེན་པོ་བྱེད་མུས་ཡིན་པར་བརྟེན། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་གཞུང་ཁག་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པའི་སྐུལ་མ་གནང་ཡོད་པ་འདི་ག་རླུང་འཕྲིན་ཁང་ལ་གསུངས་ཡོད་པའི་སྐོར་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།