རྒྱ་གཞུང་གིས་ཕྱི་རྒྱལ་གསར་འགོད་པའི་རང་དབང་ལ་དམ་བསྒྲགས་བྱས་པར་སྐྱོན་བརྗོད།

ཨ་མི་རི་ཀའི་གཞུང་ནས་རྒྱ་ནག་གྱི་གསར་འགྱུར་བརྒྱུད་ལམ་ཁག་རྒྱ་ནག་གཞུང་གི་ལས་དོན་གཉེར་མཁན་ཡིན་པར་ངོས་འཛིན།

པེ་ཅིང་ནང་གི་རྒྱ་ནག་གི་ཉེན་རྟོག་པ་དང་ཕྱི་རྒྱལ་གསར་འགོད་པ། ༢༠༡༤།༡༡ AFP

ཨ་མི་རི་ཀའི་གཞུང་ནས་རྒྱ་ནག་གྱི་གསར་འགྱུར་བརྒྱུད་ལམ་ཁག་རྒྱ་ནག་གཞུང་གི་ལས་དོན་གཉེར་མཁན་ཡིན་པར་ངོས་འཛིན་གནང་བ་དང་སྦྲགས།     ཨ་རིའི་ཕྱི་སྲིད་ལས་ཁུང་གིས་རྒྱ་ནག་གི་གསར་ཁང་ལྔ་མིང་འདོན་བྱས་པ་རྣམས་ཀྱིས་ཨ་རི་ནང་ས་ཁང་སོགས་མཁོ་སྒྲུབ་མ་བྱེད་གོང་ཨ་རི་གཞུང་གི་ཆོག་མཆན་ཞུ་དགོས་པ་མ་ཟད།  རྒྱ་ནག་གི་གསར་འགོད་པ་དེ་དག་གིས་ཨ་རི་གཞུང་གི་འབྲེལ་ཡོད་ལྷན་ཁང་དུ་མིང་ཐོ་འབུལ་དགོས་པའི་བཀའ་ཁྱབ་བཏང་ཡོད་པའི་སྐོར་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་གནས་ཚུལ་སྙན་སྒྲོན་གནང་གི་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org