༢༠༢༢ ལོའི་དགུན་ཁའི་ཨོ་ལིམ་པིཀསི་རྩེད་འགྲན་རྒྱ་ནག་ལ་འོས་བབ་མེད།
རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་ཚོགས་ཆུང་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུའི་ཁས་ལེན་བྱས་པ་ལག་བསྟར་དོན་འཁྱོལ་གནང་མེད་པའི་སྐྱོན་བརྗོད།
- 2021-02-05
-
-
-
འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་སོ་ཕི་རི་ཅརྜ་སན་ལགས།
ཨེ་ཨེཕ་པི།
Your browser doesn’t support HTML5 audio
ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་འགྲོ་བ་མིའི་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ལྕམ་Sophie Richardson ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་དང་ཤིང་ཅང་ངམ་ཤར་ཏུར་ཀི་སི་ཐན། རྒྱ་ནག ཧོང་ཀོང་སོགས་ནང་འགྲོ་བ་མིའི་ཐོབ་ཐང་ཚབས་ཆེའི་རྡོག་རོལ་གཏོང་བའི་བྱ་སྤྱོད་ཀྱི་ཐོག་ནས་༢༠༢༢ ལོའི་དགུན་ཁའི་ཨོ་ལིམ་པིཀསི་རྩེད་འགྲན་རྒྱ་ནག་ལ་འོས་བབ་མེད་པ་དང་། རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་ཚོགས་ཆུང་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུའི་ཁས་ལེན་བྱས་པ་ལག་བསྟར་དོན་འཁྱོལ་གནང་མེད་པའི་སྐྱོན་བརྗོད་གནང་བའི་སྐོར་གཡུ་སྒྲོན་ལགས་ཀྱིས་སྙན་སྒྲོན་གནང་བ་ཞིག་གསན་རོགས་གནང་།