དབྱར་རྩྭ་དགུན་འབུ།

ལོ་རེའི་དཔྱིད་ཟླ་བཞི་བའི་དཀྱིལ་ནས་ལྔ་བའི་ཟླ་མཇུག་བར་ནི་དབྱར་རྩྭ་དགུན་འབུ་རྐོ་སློག་གི་དུས་ཡིན་པ་དང་དེའི་སྐོར།

དབྱར་རྩ་དགུན་འབུ་བརྐོ་བའི་དུས་སུ་བོད་ནང་རྩ་སའི་འཁྲུག་རྩོད་ཀྱི་གནས་ཚུལ་ཐོན་བཞིན་པ། ཊམྦ་ལར།

ལོ་རེའི་དཔྱིད་ཟླ་བཞི་བའི་དཀྱིལ་ནས་ལྔ་བའི་ཟླ་མཇུག་བར་ནི་དབྱར་རྩྭ་དགུན་འབུ་རྐོ་སློག་གི་དུས་ཡིན་སྟབས། རྒྱ་ཆེ་བའི་ཞིང་འབྲོག་མི་དམངས་ཀྱིས་དུས་ཚོད་དེ་དམ་འཛིན་བྱས་ནས་དབྱར་རྩྭ་དགུན་འབུ་སློག་པ་དང་། དབྱར་རྩྭ་དགུན་འབུ་ཚུར་ཉོ་ཕར་བཙོང་གི་ཚོང་ལས་སོགས་བྱེད་བཞིན་ཡོད། དབྱར་རྩྭ་དགུན་འབུའི་རིན་གོང་ལོ་ལྟར་ལྡབ་འགྱུར་གྱིས་འཕར་བར་བརྟེན།  བོད་མི་ཕལ་མོ་ཆེའི་འཚོ་བར་ཕན་ཐོགས་ཆེན་པོ་བྱུང་ཡོད། ཡིན་ན་ཡང་། དབྱར་རྩྭ་དགུན་འབུ་ལོ་མང་རིང་བསྟུད་མར་སློག་པ་དེས་འབྲོག་པའི་རྩྭ་སར་གནོན་སྐྱོན་ཡོད་མེད་དང་། དབྱར་རྩྭ་དགུན་འབུ་སློག་ཞོར་དུ་ཁོར་ཡུག་ལ་མ་གནོན་པ་བྱེད་ཐབས་ཅི་ཞིག་ཡོད་པ་ལ་སོགས་པའི་ཐད་བགྲོ་གླེང་བྱེད་རྒྱུ་ཡིན།

སྐུ་མགྲོན།

འདས་པའི་ལོ་ངོ་སུམ་ཅུ་ཡས་མས་སུ་དབྱར་རྩྭ་དགུན་འབུ་རྐོ་སློག་དང་ཚོང་ལས་བྱེད་མྱོང་བའི་བོད་ནང་གི་བོད་མི་གོང་དཀར་ངེ་དོན་ལགས་དང་།  རྩྭ་ཐང་ཚེ་སྐྱིད་ལགས་རྣམ་པ་གཉིས་ཡིན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org