ཞི་ཅིན་ཕིང་གིས་བོད་ཀྱི་ནང་ཆོས་རྒྱ་སྒྱུར་བྱེད་པའི་ལས་དོན་མྱུར་དུ་གཏོང་རྒྱུ།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་རྒྱ་ནག་གཞུང་གིས་༧པཎ་ཆེན་དུ་བསྐོས་པ་རྒྱལ་མཚན་ནོར་བུ་གཉིས་ཉེ་ཆར་བོད་ཀྱི་མདོ་སྨད་ཀྱི་མཚོ་སྔོན་ས་ཁུལ་ཁག་ཅིག་ཏུ་བལྟ་སྐོར།

རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་ནས་ཟི་ལིང་དུ་ཡོད་པའི་ཙོང་ཁ་དགོན་དུ་ལྟ་སྐོར་བྱེད་བཞིན་པ། ༢༠༢༤།༦།༡༨ China state media

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་རྒྱ་ནག་གཞུང་གིས་༧པཎ་ཆེན་དུ་བསྐོས་པ་རྒྱལ་མཚན་ནོར་བུ་གཉིས་ཉེ་ཆར་བོད་ཀྱི་མདོ་སྨད་ཀྱི་མཚོ་སྔོན་ས་ཁུལ་ཁག་ཅིག་ཏུ་བལྟ་སྐོར་ལ་བསྐྱོད་ཅིང་།  ཞི་ཅིན་ཕིང་གིས་བོད་ཀྱི་ནང་ཆོས་རྒྱ་སྒྱུར་བྱེད་པའི་ལས་དོན་མྱུར་དུ་གཏོང་དགོས་པ་ས་གནས་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོར་ནན་ཏན་གྱིས་བཀོད་མངགས་བྱས་ཡོད་པ་རེད།  ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  ཞི་དང་རྒྱ་ནག་གིས་༧པཎ་ཆེན་དུ་བསྐོས་པའི་རྒྱལ་མཚན་ནོར་བུ་གཉིས་ཀྱི་ཕྱོགས་བསྐྱོད་ཐད་ཤར་ཨེ་ཤེ་ཡའི་ཉམས་ཞིབ་པ་རིག་འཛིན་རྣམ་རྒྱལ་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པའི་ལས་ཚབ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།

གསར་འགོད་པ། བཀྲིས་དབང་ཕྱུག

རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།

དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org