བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེའི་གོ་གནས་བོད་པར་མ་སྤྲོད་པའི་རྒྱུ་མཚན།
རྒྱ་ནག་གིས་འབོད་པའི་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེའི་གོ་གནས་དེ་བོད་པ་ཞིག་ལ་རྩ་བ་ནས་སྤྲོད་མྱོང་མེད་པའི་རྒྱུ་མཚན།
- 2021-10-13
-
-
-
Your browser doesn’t support HTML5 audio
རྒྱ་ནག་གིས་འབོད་པའི་བོད་རང་སྐྱོང་ལྗོངས་ཟེར་བ་དེ་འགོ་འཛུགས་པ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོགས་ཚོགས་པའི་དྲུང་ཆེའི་གོ་གནས་དེ། བོད་པ་ཞིག་ལ་རྩ་བ་ནས་སྤྲོད་མྱོང་མེད་པ་དེའི་རྒྱུ་མཚན་དང་། རྒྱ་ནག་གིས་བོད་རིགས་འགོ་ཁྲིད་ཚོར་ཡིད་ཆས་ཇི་ཙམ་ཡོད་མེད། དེ་བཞིན་རྒྱ་ནག་གི་འབོད་པའི་བོད་རང་སྐྱོང་ལྗོང་གི་བོད་རིགས་འགོ་ཁྲིད་སུ་སླེབས་རུང་མ་སླེབས་རུང་བོད་པའི་རྩ་དོན་ཐད་ལ་ཁྱད་པར་བཟོ་སྲིད་དང་མི་སྲིད། གཞན་ཡང་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་འགོ་ཁྲིད་ཆགས་རྒྱུར་གཞི་རྩའི་ཆ་རྐྱེན་གང་ཚང་དགོས་ཀྱི་ཡོད་པ་དང་། རྒྱ་ནག་ཏུ་ཏང་གི་ཚོགས་ཆེན་༢༠པ་མ་འཚོག་ཀྱི་སྔོན་དུ་བོད་རང་སྐྱོང་ལྗོང་དུ་འགོ་ཁྲིད་ཀྱི་འཕོ་འགྱུར་གཏང་རྒྱུའི་གནས་ཚུལ་ཐོན་བཞིན་པ་སོགས་ཀྱི་སྐོར། བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཚེ་བརྟན་ལགས་དང་ལྷན་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག