བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་ཁས་ལེན་མ་བྱས་ཀྱི་བར་བོད་ལ་བསྐྱོད་ཆོག་གི་མ་རེད་ཅེས་རྒྱ་ནག་གི་ཤེས་ལྡན་པ་དང་ཁྲིམས་རྩོད་པ་ ཝིཀ་ཊར་ ཀའོ་ (Victor Gao) ཡིས་བརྗོད་པ།

བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་ཁས་ལེན་མ་བྱས་ཀྱི་བར་བོད་མི་ཚོ་ཕྱི་ནས་བོད་ལ་བསྐྱོད་ཆོག་གི་མ་རེད་ཅེས་རྒྱ་ནག་གི་ཤེས་ལྡན་པ་དང་ཁྲིམས་རྩོད་པ་ ཝིཀ་ཊར་ ཀའོ་ (Victor Gao) ཡིས་བགྲོ་གླེང་གི་ལས་རིམ་ཞིག་གི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཕཪཱ་སི་བསོད་ནམས་ཚེ་རིང་ལགས་ཀྱིས་ བོད་མི་ཚོ་བོད་ནང་བསྐྱོད་མ་བཅུག་པའི་རྒྱུ་མཚན་ཇི་ཡིན་དྲི་བ་བཏང་སྐབས་ལན་འདེབས་བྱས་ཡོད་པ་རེད།

Aljazeera

བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་ཁས་ལེན་མ་བྱས་ཀྱི་བར་བཙན་བྱོལ་བོད་མི་རྣམས་བོད་ལ་བསྐྱོད་ཆོག་གི་མ་རེད་ཅེས་རྒྱ་ནག་གི་ཤེས་ཡོན་པ་དང་ཁྲིམས་རྩོད་པ་ Gao ཡིས་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཀྲན་དུ་བགྲོ་གླེང་ཚོགས་འདུ་ཞིག་གི་ཐོག་བོད་མིའི་སྐུ་ཚབ་ཀྱི་དྲི་བར་ལན་འདེབས་སྐབས་བརྗོད་ཡོད་པའི་སྐོར། བསོད་ནམས་ལྷ་མོས་གནས་ཚུལ་ཕྱོགས་བསྡུས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས།

གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org